བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

བླ་མ་གསང་སྒྲུབ་ཀྱི་བྱིན་རླབས་ལས། གུ་རུའི་ཡོན་ཏན་རྗེས་དྲན།

English | བོད་ཡིག

༄༅། །བླ་མ་གསང་སྒྲུབ་ཀྱི་བྱིན་རླབས་ལས། གུ་རུའི་ཡོན་ཏན་རྗེས་དྲན།

 

ཧཱུྃ་ཧཱུྃ་ཧཱུྃ།

རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ། །

འགྲོ་བ་ཡོངས་ཀྱི་སྐྱབས་གནས་རིན་པོ་ཆེ། །

ཁྱད་པར་ཐུགས་རྗེས་བོད་ཀྱི་སེམས་ཅན་གཟིགས །

ལས་ངན་སྤྱོད་པས་རྣམ་སྨིན་གྱིས་མནར་བས། །

བདག་སོགས་རྗེས་འཇུག་རྗེས་འབྲངས་སློབ་བུ་རྣམས། །

ཐུགས་རྗེས་འདོར་རམ་མ་ཧཱ་གུ་རུ་རྗེ། །

ཐུགས་རྗེ་ཡལ་ཡོལ་བཏང་སྙོམས་མངའ་བ་ན། །

ཡེ་སངས་རྒྱས་པའི་དགོངས་པ་ཅི་ཞིག་མཆིས། །

བདག་ཅག་དུས་འདིར་གདུང་བའི་མཆི་མ་འཁྲུག །

གསོལ་འདེབས་ང་རོའི་འབོད་པ་ཅང་གསན་ནམ། །

ཡིད་ནི་རྩེ་གཅིག་ཁྱེད་ཀྱི་ཡོན་ཏན་དྲན། །

ཕ་ཡི་ཐུགས་རྗེས་གཟིགས་ཤིག་རིན་པོ་ཆེ། །

བུ་ལ་བྱིན་གྱིས་རློབས་ཤིག་སྤྲུལ་པའི་སྐུ། །

ལུས་ལ་བདེ་བ་སྦོར་ཅིག་མཁའ་འགྲོའི་ཚོགས། །

ངག་ལ་ནུས་པ་བསྐྱེད་ཅིག་ཡི་དམ་ལྷ། །

སེམས་ལ་རྟོགས་པ་སྦོར་ཅིག་གུ་རུ་རྗེ། །

འདིར་ཚོགས་མོས་པའི་བུ་ལ་བྱིན་གྱིས་རློབས། །

ལུས་ལ་འགྱུར་མེད་སྐུ་ཡི་བྱིན་ཕོབ་ཅིག །

ངག་ལ་ཚངས་དབྱངས་གསུང་གི་བྱིན་ཕོབ་ཅིག །

སེམས་ལ་འཁྲུལ་མེད་ཐུགས་ཀྱི་བྱིན་ཕོབ་ཅིག །

ཡོན་ཏན་འགྲན་ཟླ་བྲལ་བའི་བྱིན་ཕོབ་ཅིག །

ཕྲིན་ལས་འགྲོ་འདུལ་རྣམ་བཞིའི་བྱིན་ཕོབ་ཅིག །

མཆོག་དང་ཐུན་མོང་དངོས་གྲུབ་བྱིན་ཕོབ་ཅིག །

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ

 

གུ་རུའི་ཡོན་ཏན་རྗེས་དྲན་འདི། འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱི་གཏེར་མའོ།།

 

འབྲི་གུང་རིན་ཆེན་ཕུན་ཚོགས།

Guru Padmasambhava

གནས་ཚུལ་འཕར་མ།

BDRC Author Profiles: P399 P4956

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept