བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཐུན་མིན་སྔོན་འགྲོ་དངོས་གཞིའི་གནད་བསྡུས།

English | བོད་ཡིག

༄༅། །ཐུན་མིན་སྔོན་འགྲོ་དངོས་གཞིའི་གནད་བསྡུས་བཞུགས།

 

ན་མོ།

མཆོག་གསུམ་ཀུན་འདུས་བླ་མར་སྐྱབས་སུ་མཆི། །

སེམས་བསྐྱེད་མཁའ་ཁྱབ་འགྲོ་བའི་དོན་ལ་འཇུག །

 

སྤྱི་བོའི་རྡོར་སེམས་སྐུ་ལས་བདུད་རྩིའི་རྒྱུན། །

བབས་པས་བདག་གི་སྡིག་སྒྲིབ་མ་ལུས་སྦྱངས། །

ཨོཾ་བཛྲ་ས་ཏྭ་ཧཱུྃ། །

 

རང་ཉིད་རྣལ་འབྱོར་མར་གསལ་མདུན་མཁའ་རུ། །

རྩ་བའི་བླ་མ་པད་འབྱུང་དངོས་སུ་བཞུགས། །

 

ཁམས་གསུམ་སྣོད་བཅུད་རང་ལུས་ཕུང་ཁམས་བཅས། །

ཟག་མེད་བདེ་སྟོང་མཎྜལ་ཚོགས་སུ་འབུལ། །

 

སྐྱབས་ཀུན་ངོ་བོ་ཁྱབ་བདག་བླ་མ་ལ། །

སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།

གསང་གསུམ་བྱིན་རླབས་དབང་བཞི་ཡོངས་རྫོགས་ཐོབ། །

 

བླ་མ་རང་སེམས་དབྱེར་མེད་རྫོགས་པ་ཆེ། །

བློ་བྲལ་རིག་སྟོང་རྗེན་པ་གདོད་མའི་གཤིས། །

ཡེ་ཡིན་དོན་གྱི་བླ་མའི་རང་ཞལ་བལྟ། །

 

དགེ་ཚོགས་མཐའ་ཡས་འགྲོ་བའི་དོན་དུ་བསྔོ། །

ཀུན་ཀྱང་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །

 

སྣང་གྲགས་རིག་པ་བླ་མའི་སྐུ་གསུང་ཐུགས། །

དག་པ་རབ་འབྱམས་བཀྲ་ཤིས་བདེ་ལེགས་ཤོག །

 

ཅེས་པའང་དེང་དུས་ཀྱི་གདུལ་བྱ་དད་མོས་ཡོད་ཀྱང་ལོང་ཁོམ་གྱིས་དབེན་པ་རྣམས་ལ་ཕན་པའི་ཕྱིར་རྗེ་བཙུན་པདྨ་ཆོས་འཛིན་གསང་སྔགས་དབང་མོས་བསྐུལ་བའི་རྐྱེན་ལས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །།

 

བདུད་འཇོམས་རིན་པོ་ཆེ།

བདུད་འཇོམས་རིན་པོ་ཆེ།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept