The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Orgyen Rinpoche—Tibetan

English | བོད་ཡིག

༄༅། །ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་ཐུགས་དམ་རྒྱུད་བསྐུལ་བཞུགས།

 

ཕྱོགས་དུས་རྒྱལ་བའི་འཕྲིན་ལས་གཅིག་བསྡུས་དཔལ། །

ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །

བཟོད་མེད་གདུང་ཤུགས་དྲག་པོས་སྙིང་ནས་འབོད། །

མི་མངོན་དབྱིངས་ནས་ཐུགས་རྗེའི་སྤྱན་གྱིས་གཟིགས། །

འདི་དང་ཕྱི་མ་བར་དོ་ཐམས་ཅད་དུ། །

འབྲལ་མེད་ཐུགས་རྗེས་ཟུངས་ཤིག་པདྨ་འབྱུང་། །

ཨོ་རྒྱན་མཁྱེན་ནོ། །

ཨོ་རྒྱན་མཁྱེན་ནོ། །

ཨོ་རྒྱན་མཁྱེན་ནོ། །

ཨོ་རྒྱན་བཀའ་དྲིན་ཅན་མཁྱེན་ནོ། །

ཨོ་རྒྱན་ཐུགས་རྗེ་ཅན་མཁྱེན་ནོ། །

ཨོ་རྒྱན་བྱིན་རླབས་ཅན་མཁྱེན་ནོ། །

ཨོ་རྒྱན་སྙིང་རྗེ་ཅན་མཁྱེན་ནོ། །

 

སྔགས་བླུན་མགོན་པོས་གང་ཤར་བྲིས་པ། མངྒ་ལཾ།

 

མགོན་པོ་ཚེ་བརྟན་རིན་པོ་ཆེ།

Guru Padmasambhava

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept