Brief Sukhāvatī Aspiration—Tibetan
Deities › Amitābha | Practices › Aspiration Prayers › Sukhāvatī Aspirations | Practices › Prayers | བོད་ཀྱི་བླ་མ། › རྒྱལ་སྲས་གཞན་ཕན་མཐའ་ཡས། | འཕགས་ཡུལ་གྱི་སྐྱེས་བུ་དམ་པ། › ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།
Courtesy of Himalayan Art Resources
Further information:
- Treasury of Lives Author Bio
- BDRC Author Profiles: P697 P3379
༄༅། །བདེ་སྨོན་བསྡུས་པ།
ན་མོ་དཱི་པཾ་ཀ་ར་ཡ།
རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་པདྨ་འབྱུང་། །
ལྔ་བདོའི་འགྲོ་ལ་ལྷག་པར་རྗེས་བརྩེ་བས། །
ངུར་སྨྲིག་འཛིན་པའི་གར་གྱིས་རྣམ་རོལ་པ། །
མཉམ་མེད་ཇོ་བོ་རྗེ་ལ་གསོལ་བ་འདེབས། །
མགོན་ཁྱོད་དགྱེས་པའི་སྤྱན་གྱིས་ལེགས་གཟིགས་ནས། །
བརྩེ་བའི་ཕྱག་གིས་བདག་སོགས་འགྲོ་ཀུན་གྱི། །
ལས་ཉོན་སྒྲིབ་པའི་དྲི་མ་ཀུན་བསལ་ནས། །
བདེ་ཆེན་དག་པའི་ཞིང་དུ་འདྲེན་པར་མཛོད། །
ཅེས་པའང་ལྕགས་ལ་སྐུ་ཞབས་རྡོ་རྗེ་རབ་བརྟན་གྱི་བཞེད་སྐོང་དུ་བཙུན་པ་གཞན་ཕན་མཐའ་ཡས་པས་བྲིས་པ་དགེ།