Wisdom Ḍākinī Prayer—Tibetan

Literary Genres › Termas | Practices › Prayers | Collections & Cycles › Ḍākinī Treasury | བོད་ཀྱི་བླ་མ།རྒྱ་རོང་མཁའ་འགྲོ་བདེ་ཆེན་དབང་མོ།

English | བོད་ཡིག

རྒྱ་རོང་མཁའ་འགྲོ་བདེ་ཆེན་དབང་མོ།

མནྡཱ་ར་བཱ།

༄༅། །ཡེ་ཤེས་ཌཱ་ཀིའི་བརྡ་དབྱངས་གསོལ་འདེབས།

ཨེ་མ་ཧོ༔
མཁའ་སྤྱོད་མངོན་དགའི་ཞིང་ན་ཝཱ་རཱ་ཧཱི༔
རྔ་ཡབ་གླིང་ན་མེ་ཏོག་མནྡ་ར༔
སླར་ཡང་བསྟན་འགྲོའི་དོན་དུ་མི་ཡི་གཟུགས༔
ཌཱཀྐི་བདེ་ཆེན་དབང་མོར་གསོལ་བ་འདེབ༔
ཨོཾ་པདྨོ་ཡོ་གི་ནི་ཛྙཱ་ན་ཝཱ་རཱ་ཧཱི་ཧཱུྃ༔

ཞེས་པ་འདི་ཉེ་བསྙེན་རབ་ཀྱིས་དུང་ཕྱུར་དང་༔ འབྲིང་གིས་ས་ཡ༔ ཐ་མས་འབུམ་ཕྲག་བཟླས་པ་མཛོད་ཅེས་ཌཱཀྐི་ཞིག་གིས་ཁྱེད་ཀྱི་ཙིཏྟའི་གའུ་ནང་དུ་སྦས་ནས་མི་ལོ་ལྔའི་བར་དུ་བཀའ་རྒྱ་དམ་པ་མཛད་ན་འབྲེལ་ཚད་རིག་འཛིན་གྱི་ཞིང་ལ་བཀོད་ནས་མི་ཡུལ་ཀྱི་སྐལ་ལྡན་ལས་ཅན་གྱི་གདུལ་བྱ་རྣམས་ལ་འགྲོ་དོན་རྒྱ་ཆེར་སྤེལ་ཅིག་གསུངས་སོ༔


༈ མཁྱེན་ནོ་མཁྱེན་ནོ་ཌཱཀྐི་དྷརྨ་ཙནྡྲ་དེ་མཁྱེན་ནོ༔
བདེ་སྟོང་སྒྱུ་མའི་ཀློང་ནས་གཟིགས་ཤིག༔
རང་རིག་གཉུག་མ་ཨ་ཏི་ཡོ་ག༔
དགོངས་བརྒྱུད་བྱིན་རླབས་སྙིང་དབུས་སྩོལ་ཅིག༔
གུ་རུ་ཌྷེ་ཝ་ཌཱ་ཀྐི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ༔

ཌཱཀྐི་དཔའ་བོ་མཁའ་འགྲོ་འབུམ་ཕྲག་ཙམ་གྱིས་བསྟོད་དབྱངས་ཁྱབ་གཅིག་མགྲིན་གཅིག་ཏུ་སྨྲས་ཏེ། སླར་ཡང་མི་ཡུལ་དུ་འགྲོ་དོན་དུས་ལ་བབས་པས་ཨ་མ་མཚོ་རྒྱལ་མཁའ་འགྲོ་སྟོང་ལས་བཀའ་དྲིན་ཆེ་བས་གསོལ་འདེབས་ཉེ་བསྙེན་ལས་ཅན་གདུལ་བྱ་ཀུན་ལ་རྒྱ་ཆེར་ཁྱོད་ཀྱིས་སྤེལ་བར་མཛོད་ཅིག་གསུངས་ནས་འཁོར་རྣམས་མིག་འཕྲུལ་ལྟར་མི་སྣང་བར་གྱུར་སོང་།
ཌཱཀྐི་གཙོ་མོ་དེས་སྨྲས་པ།
ཨེ་མ༔
རང་རིག་བླ་མའི་རང་ཞལ་དེ་མཇལ་ནས༔
རང་བྱུང་སྟོང་ཉིད་མཁའ་འགྲོ་ཡི་བསུ་མ༔
རང་དབང་རང་ཐོབ་འཇའ་ཚོན་གྱི་འོད་ལམ༔
རང་གི་དབང་བསྒྱུར་མཉམ་ཉིད་ཀྱི་ཀློང་དུ༔
བདག་སོགས་འགྲོ་ཀུན་མཁའ་མཉམ་གྱི་ཚོགས་ཀུན༔
ཌཱཀྐི་དྷརྨའི་ཐུགས་དགོངས་དང་དབྱེར་མེད༔
གདོད་མའི་སར་མཆོག་ཐོབ་པ་རུ་ཤོག་ཅིག༔
ཌཱ་ཀྐི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ༔

ཞེས་པ་འདི་ནི་མཆེད་ལྕམ་དམ་ལྡན་རྣམས་ཀྱིས་བསྐུལ་ངོར་མི་ལྡོག་ཆེད་དུ་ཌཱ་ཀྐི་དྷརྨ་ཙནྡའི་ཉམས་སྣང་༼དཔེ་མི་གསལ་༽ཤར་མར་དུ་བྲིས་སོ།། མངྒ་ལཾ།།


ཨ་ཧོ༔
ལས་སྐལ་ལྡན་པའི་སྐལ་ལྡན་རིག་པ་འཛིན༔
ཁྱད་པར་འོད་གསལ་རྫོགས་ཆེན་ཉམས་ལེན་མཐུས༔
འཁོར་འདས་ཆོས་སྐུ་གཉིས་མེད་ལྟ་བའི་གདེང༔
དད་དང་སྒོམ་པ་མངོན་གྱུར་སྐྱོང་བ་ལ༔
རྒྱལ་སྲས་ཆོས་ཀྱི་སྤྱོད་པས་བདེ་ལམ་སྐྱོངས༔

ཞེས་པ་འདི་ཉིད་སྤར་བརྐོས་ཚེ་དབང་ཆོས་འཕེལ་འཇམ་རྒྱ་གཉིས་ཀྱིས་སྤར་དུ་བསྐྲུན་པ་ལ་བརྟེན་ནས་ཌཱཀྐིའི་མིང་གིས་བདེན་པའི་སྨོན་ཚིག་འདིས་མཁའ་མཉམ་རང་རིག་དོན་གྱི་ཕག་མོའི་རང་ཞལ་མཇལ་བའི་རྟེན་འབྲེལ་མ་ཚོགས་མཁའ་འགྲོའི་མཐུན་གྱུར་མཛོད་ཅིག །དགེ་ལེགས་འཕེལ།།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept