Emptying the Three Realms—Tibetan

Literary Genres › Advice | Schools & Systems › Dzogchen | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | Deutsch | 中文 | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

༄༅། །ཞལ་གདམས་སྲིད་གསུམ་དོང་སྤྲུགས་མ།

ཨ་ཧོ་ཡེ། ཀ་དག་གི་གནས་ལུགས་བསམ་བརྗོད་བྲལ། །ཡོད་མེད་ཀྱི་མཐའ་ལས་རབ་འདས་ཤིང་། །མེད་སྟོང་ནི་མ་ཡིན་རང་བཞིན་གྱི། །འོད་གསལ་བའི་རང་གདངས་ངང་གི་གསལ། །ལྷུན་གྲུབ་ཀྱི་སྣང་བ་འོད་པོ་ཆེ། །སྒྲོན་མ་བཞིའི་ཉམས་ལེན་ལ་བརྟེན་ནས། །ཆོས་ཅན་གྱི་སྣང་བ་ནང་དབྱིངས་སུ། །ཐིམ་ལ་མ་རྨུགས་ཀྱི་ཡེ་ཤེས་ངང་། །གཡོ་མེད་དགོངས་པའི་བཙན་ས་ཟིན། །སྲིད་གསུམ་དོང་ནས་སྤྲུགས་པར་ཤོག། །

This website uses cookies to collect anonymous usage statistics and enhance the user experience.
Decline
Accept