Guhyagarbha Aspiration—Tibetan

Practices › Aspiration Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | Português | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Samantabhadra and consort

༄༅། །ངེས་གསང་བསྟན་པ་རྒྱས་པའི་སྨོན་ལམ།

 

ཨོཾ་སྭསྟི།

དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་པའི་མཐིལ། །

ནང་རྒྱུད་ཐེག་པའི་ཡང་བཅུད་སྒྱུ་འཕྲུལ་ཆེ། །

དཔལ་ལྡན་གསང་བའི་སྙིང་པོའི་རྒྱུད་ཀྱི་དོན། །

བཤད་དང་སྒྲུབ་པས་ས་སྟེང་ཁྱབ་གྱུར་ཅིག །

 

བདེན་གཉིས་དབྱེར་མེད་ཆོས་སྐུའི་དོན་རྟོགས་ཤིང་། །

དག་མཉམ་ཆེན་པོའི་ཏིང་འཛིན་རོལ་མོ་འཁྲོལ། །

ལམ་གྱུར་རིག་འཛིན་རྣམ་བཞིའི་འབྲས་བུ་བརྙེས། །

རྡོ་རྗེ་སེམས་དཔའི་རྒྱལ་ས་ཐོབ་གྱུར་ཅིག །

 

རྒྱུད་ཀྱི་རྒྱལ་པོའི་ཆོས་ཉིད་བདེན་སྟོབས་ཀྱིས། །

ནག་ཕྱོགས་དུས་ཀྱི་རྒུད་པ་ཀུན་ཞི་ཞིང་། །

རྒྱལ་བསྟན་སྤྱི་དང་ངེས་གསང་སྙིང་པོ་ཡི། །

བསྟན་པ་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །

 

ཅེས་པའང་ས་ཁྱི་ཟླ་ ༧ ཚེས ༡༦ ལ་དབུ་བཙུགས་ནས་རྡོ་རྗེ་གླིང་དུ་རྒྱུད་ཀྱི་རྒྱལ་པོ་འདུས་པ་ཉུང་ཤས་ལ་ཟླ་བ་དེའི་ཚེས་༢༨ལ་རྒྱལ་ཕུར་འགྲུབ་འབྱོར་བཟང་པོར་འཆད་གྲུབ་པའི་རྗེས་ཐོགས་སུ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྨོན་ཚིག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept