Kela Chokling Rinpoche Long-Life Prayer—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། | བོད་ཀྱི་བླ་མ།ཀེ་ལ་མཆོག་གླིང་རིན་པོ་ཆེ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Fourth Kela Chokling Rinpoche

Further information:
Download this text:

༄༅། །ཞབས་བརྟན་བཀྲ་ཤིས་ཟླ་སྣང་ཞེས་བྱ་བ་བཞུགས་སོ། །

 

ཨོཾ་སྭསྟི།

དཀོན་མཆོག་རྒྱ་མཚོའི་རང་གཟུགས་ཨོ་རྒྱན་རྗེའི། །

རྒྱལ་ཚབ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་། །

བསམ་བཞིན་བྱོན་པའི་ཟློས་གར་འགྱུར་བ་མེད། །

བསྟན་པའི་རྒྱལ་མཚན་སྒྲེངས་མཛད་ཞབས་བརྟན་གསོལ། །

 

རིག་འཛིན་གཞོན་ནུ་བདུད་སྡེའི་གཡུལ་ལས་རྒྱལ། །

སྐུ་ཚེ་མི་ཤིག་རྡོ་རྗེའི་རྒྱ་ཡིས་སྡོམ། །

མཁྱེན་ནུས་བརྩེ་བའི་རྩལ་ཆེན་རྫོགས་པ་དང་། །

བསྟན་འགྲོར་ཕན་བདེ་སྦྱིན་མཛད་ཞབས་བརྟན་གསོལ། །

 

བསླུ་མེད་རྩ་བ་གསུམ་གྱི་བདེན་པ་དང་། །

ཁྱད་པར་མཆོག་གཏེར་བླ་མ་ལྷག་པའི་ལྷས། །

བྱིན་རླབས་འོད་ཟེར་རྡོ་རྗེའི་གོ་ཆ་ཡིས། །

འབྲལ་བ་མེད་པར་སྲུངས་སྐྱོབས་མཛད་དུ་གསོལ། །

 

ཅེས་པའང་མཆོག་གླིང་སྐུ་ཕྲེང་གསུམ་པའི་སྐྱེ་སྲིད་ཀྱི་ཞབས་བརྟན་དགོས་ཞེས་ཀེ་ལ་ཕྱག་མཛོད་རྡོ་རྗེ་སེངྒེ་ནས་ལྷ་རྫས་བཅས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་དང་བཀྲ་ཤིས་དཔལ་འབྱོར་ཟུང་ནས་ཤིང་ལུག་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་ཐུགས་སྒྲུབ་བསམ་པ་ལྷུན་གྲུབ་ཀྱི་ཚོགས་མཆོད་སྐབས་བྲིས་པ་དགེའོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept