Peaceful Guru Lineage Prayer—Tibetan

Practices › Lineage Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།མྱང་རལ་ཉི་མ་འོད་ཟེར།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Peaceful Guru Maṇḍala

Further information:
Download this text:

༄༅། །ཉང་གཏེར་བླ་མ་ཞི་བའི་བརྒྱུད་འདེབས་རིན་ཆེན་ཕྲེང་མཛེས།

 

བདེ་ཆེན་ཆོས་སྐུ་སྣང་བ་མཐའ་ཡས་དང་།    །

ལོངས་སྤྱོད་རྫོགས་སྐུ་པདྨ་གར་གྱི་དབང་།    །

ཐུགས་རྗེ་སྤྲུལ་སྐུ་གུ་རུ་པདྨ་འབྱུང་།    །

བདེ་ཆེན་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས།    །

 

ཟབ་གཏེར་མངའ་བདག་ཉང་རལ་ཉི་མ་འོད།    །

མངའ་བདག་འགྲོ་མགོན་ནམ་ལང་བྱང་ཆུབ་མགོན།    །

སློབ་དཔོན་བསྟན་སྲུང་ཀུན་མཁྱེན་ཀློང་ཆེན་པ།    །

བདེ་ལེགས་རྒྱ་མཚོ་རྣམས་ལ་གསོལ་བ་འདེབས།    །

 

བྱ་བྲལ་ཆོས་རྗེ་སང་དོན་ཀུན་སྤངས་པ།    །

སངས་རྒྱས་ཡེ་ཤེས་སངས་རྒྱས་རྒྱལ་མཚན་ཞབས།    །

ཀུན་དགའ་བཀྲ་ཤིས་སྣ་ཚོགས་རང་སར་གྲོལ།    །

བསྟན་འཛིན་གྲགས་པ་རྣམས་ལ་གསོལ་བ་འདེབས།    །

 

པདྨ་ཕྲིན་ལས་ཚུལ་ཁྲིམས་རྡོ་རྗེའི་མཚན།    །

ཕྲིན་ལས་ལྷུན་གྲུབ་གཏེར་བདག་གླིང་པ་དང་།    །

རིན་ཆེན་རྣམ་རྒྱལ་ཨོ་ཌཱི་ཡ་ནིའི་ཞབས།    །

པདྨ་བསྟན་འཛིན་རྣམས་ལ་གསོལ་བ་འདེབས།    །

 

ཕྲིན་ལས་རྣམ་རྒྱལ་དྷརྨ་དི་པཾ་དང་།    །

སངས་རྒྱས་ཀུན་དགའ་འཇམ་མགོན་མཁྱེན་བརྩེའི་དབང་།    །

བློ་གྲོས་མཐའ་ཡས་སི་ཏུ་ཆོས་རྒྱ་མཚོ།    །

རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས།    །

 

བླ་མའི་བྱིན་རླབས་དབང་གིས་རྒྱུད་སྨིན་ཅིང་།    །

དམ་ཚིག་སྡོམ་པ་རྣམ་པར་དག་པ་དང་།    །

རིམ་གཉིས་ལམ་གྱི་བསྒྲོད་པ་མཐར་ཕྱིན་ནས།    །

ཁྱབ་བདག་ཀུན་བཟང་གོ་འཕང་མྱུར་ཐོབ་ཤོག  །

 

ཅེས་པའང་འབྲི་གུང་སྒྱུ་ར་གཏེར་སྟོན་འོད་གསལ་རྡོ་རྗེའི་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨྲས་རིམ་བཞིན་གུས་སློབ་ཚེ་རིང་དབང་གི་རྒྱལ་པོས་ཡི་གེ་བྲིས་པ་དགེ།    །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept