Neten Chokling Ngedön Drubpe Dorje Long-Life Prayer—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།གནས་བརྟན་མཆོག་གླིང་ངེས་དོན་གྲུབ་པའི་རྡོ་རྗེ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Further information:
Download this text:

༄༅། །གཏེར་ཆེན་བླ་མའི་རྣམ་རོལ་མཆོག་སྤྲུལ་རིན་པོ་ཆེར་ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་བདེན་ཚིག་ཅེས་བྱ་བ།

 

ཨོཾ་སྭསྟི།

པདྨའི་རྒྱལ་ཚབ་མཆོག་གྱུར་གླིང་པ་ཡི། །

སྐུ་གསུང་ཐུགས་ཡོན་ཕྲིན་ལས་གཅིག་བསྡུས་པ། །

འགྱུར་མེད་རྡོ་རྗེའི་རང་གཟུགས་བླ་མ་མཆོག །

བསྐལ་བརྒྱར་འཚོ་གཞེས་ཆོས་འཁོར་བསྐོར་དུ་གསོལ། །

 

རྒྱལ་བསྟན་སྤྱི་དང་ངེས་གསང་རྡོ་རྗེའི་ཐེག །

འོད་གསལ་སྙིང་པོའི་བསྟན་པ་ཉིན་མོར་བྱེད། །

བཤད་དང་སྒྲུབ་པས་མཆོག་ཏུ་འཕེལ་མཛད་པ། །

དཔལ་ལྡན་བླ་མའི་ཞབས་པད་ཡུན་བརྟན་ཤོག །

 

བདག་ཀྱང་དེང་ནས་བྱང་ཆུབ་སྙིང་པོའི་བར། །

དཔལ་ལྡན་བླ་མ་པདྨ་ཀུན་ཏུ་འཆང་། །

རིགས་ཀུན་འདུས་པའི་བདག་ཉིད་ཆེན་པོ་དང་། །

མི་འབྲལ་དོན་གཉིས་བསམ་པ་ལྷུན་གྲུབ་ཤོག །

 

ཅེས་དད་མོས་དྲག་པོས་གསོལ་བ་འདེབས་པ་པོ་ནི་འཇམ་དབྱངས་བློ་གྲོས་རྒྱ་མཚོ་སྟེ། ཤིང་གླང་སྨིན་ཟླའི་ཚེས་བཅུ་ལ་ཨཱ་ལོ་ཀེའི་ངོགས་སུ་ནམ་མཁའ་མཛོད་ཀྱི་ལྷོ་ཕྱོགས་ཆོས་སྡེ་ཆེན་པོ་དགྲ་བཅོམ་པའི་བསྟི་གནས་ཉམས་དགའ་བར་བྲིས་པ་དངོས་གྲུབ་རྣམ་གཉིས་འདོད་དགུར་རྩེན་པའི་རྒྱུར་གྱུར་ཅིག། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept