The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Khyentse Chökyi Lodrö—Tibetan

English | བོད་ཡིག

༄༅། །ངག་དབང་ཤེས་རབ་ཀྱི་ངོར་སྨྲས་པའི་གསོལ་འདེབས།

 

ཨོཾ་སྭསྟི།

ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །

ཁྱབ་བདག་འཇམ་དཔལ་རྡོ་རྗེ་ཉིན་མོ་བྱེད། །

ཡོངས་རྫོགས་བསྟན་པ་རྒྱ་མཚོའི་མངའ་བདག་མཆོག །

མཁྱེན་བརྩེའི་དབང་པོའི་ཞབས་ལ་གསོལ་བ་འདེབས། །

 

གང་གི་ཡེ་ཤེས་སྒྱུ་མའི་རྣམ་རོལ་ལས། །

ཕྲིན་ལས་རྒྱ་མཚོ་འགྲོ་བ་འདུལ་བའི་མགོན། །

འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་ལ། །

སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །

 

བདག་ཅག་དད་དང་དམ་ཚིག་རྣམ་པར་དག །

རིམ་གཉིས་ལམ་གྱི་བགྲོད་པ་མཐར་ཕྱིན་ཏེ། །

ལྷན་སྐྱེས་ཡེ་ཤེས་ཉི་མ་སྙིང་ལ་འཆར། །

དོན་གཉིས་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག །

 

ཅེས་པའང་དད་ལྡན་ངག་དབང་ཤེས་རབ་ཀྱི་ངོར་རང་ཉིད་ཀྱིས་སྨྲས་པའོ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept