The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Khyentse Wangpo & Chökyi Lodrö—Tibetan

English | བོད་ཡིག

༄༅། །འཇམ་དབྱངས་མཁྱེན་བརྩེ་སྐུ་གོང་འོག་གི་གསོལ་འདེབས།

 

བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་། །

པདྨའི་རྒྱལ་ཚབ་པདྨ་མདོ་སྔགས་གླིང་། །

འོད་གསལ་སྤྲུལ་པའི་རྡོ་རྗེའི་ཞབས་པད་མོར། །

སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

 

འཇ༵མ་དབྱང༵ས་བླ་མ་གང་དེའི་རྣམ་པར་འཕྲུལ། །

བློ༵་གྲོས༵་རྒྱ༵་མཚོ༵་མདོ་སྔགས་ཤིང་རྟ་ཆེ། །

བྱང་ཆུབ་སེམས་དཔའ་ཆོས༵་ཀྱི༵་བློ༵་གྲོ༵ས་ལ། །

སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །

 

པ༵དྨའི་ཟབ་གསང་བསྟན་པ་ཕྱོགས་བཅུར་སྤེལ། །

ཡེ༵་ཤེས༵་རྡོ༵་རྗེ༵་ཉིན་མོ་བྱེད་པ་ཡི། །

ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོ་བ་དང་། །

བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །

 

ཞེས་པའང་སྨྱོ་ཤུལ་སྲས་མོ་རིག་འཛིན་ལྷ་མོས་བསྐུལ་ངོར་རང་ཉིད་ཀྱིས་སྨྲས་པ་དགེའོ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept