Rigdzin Tsadrup Lineage Prayer—Tibetan

Practices › Lineage Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།གཏེར་སྟོན་བསོད་རྒྱལ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Tertön Sogyal Lerab Lingpa

Further information:
Download this text:

༄༅། །རིག་འཛིན་རྩ་སྒྲུབ་ཀྱི་བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །

 

ཁྱབ་བདག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །

བདེ་གཤེགས་ཀུན་འདུས་པདྨ་སཾ་བྷ་ཝ། །

བཀའ་ཡི་སྡུད་པོ་ཌཱ་ཀི་མཚོ་རྒྱལ་ལ། །

གསོལ་བ་འདེབས་སོ་ཟུང་འཇུག་སྐུ་ཐོབ་ཤོག །

 

འཇིག་རྟེན་མིག་གཅིག་བཻ་རོ་ཙ་ན་དང་། །

མངའ་བདག་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག །

གྲུབ་པ་མཆོག་བརྙེས་རྡོ་རྗེ་བདུད་འཇོམས་ལ། །

གསོལ་བ་འདེབས་སོ་ཟུང་འཇུག་སྐུ་ཐོབ་ཤོག །

 

ཟབ་གཏེར་གསང་བའི་སྒོ་འབྱེད་ལས་རབ་གླིང་།

སྐལ་ལྡན་ཆོས་བདག་རྒྱུད་པ་བཅས་པ་དང་། །

ཡི་དམ་མཁའ་འགྲོ་དམ་ཅན་རྒྱ་མཚོ་ལ། །

གསོལ་བ་འདེབས་སོ་ཟུང་འཇུག་སྐུ་ཐོབ་ཤོག །

 

བརྒྱུད་གསུམ་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །

དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །

རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལ་བརྩོན་པས། །

སྐྱེ་འཆི་བར་དོ་རྩད་ནས་ཆོད་པར་ཤོག །

 

ཐབས་གྲོལ་གསང་ཆེན་ལམ་གྱི་ཟབ་གནད་མཐུས། །

གཞི་གནས་རིག་པ་སྐུ་གསུམ་རང་ཞལ་མཇལ། །

རྩ་ཐིག་རླུང་རྣམས་དྷཱུ་ཏིའི་དབྱིངས་སུ་འཆིངས། །

འཁོར་འདས་ཆོས་དབྱིངས་ཆེན་པོར་ལྷུན་རྫོགས་ཤོག །

 

རིག་པ་ཀ་དག་བརྡལ་ཁྱབ་ཆེན་པོའི་ཀློང་། །

ཡེ་ཤེས་རང་མདངས་ལྷུན་གྲུབ་རྒྱལ་པོའི་སྦུབས། །

འབྲས་བུའི་རྒྱལ་པོས་བཙན་ས་ཟིན་པར་དང་། །

མཐའ་ཡས་འགྲོ་བ་འདྲེན་པ་བདག་གྱུར་ཅིག །

 

ཟབ་ཆོས་བསྟན་པ་འཛམ་གླིང་ཡོངས་ལ་ཁྱབ། །

མཁས་གྲུབ་བྱེ་བས་འཛིན་མའི་ཁྱོན་ཀུན་གང་། །

ཕན་བདེའི་སྣང་བ་རིང་དུ་གནས་པ་དང་། །

བཀྲ་ཤིས་ཉི་མ་རྟག་བརྟན་ཡུན་གནས་ཤོག །

 

ཅེས་པའང་གཏེར་ཆེན་བླ་མ་ཉིད་ལས་ཆོས་འདིའི་བཀའ་དྲིན་ཐོབ་ཅིང་མཁྱེན་བརྩེའི་ཕྲིན་ལས་ཀྱིས་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྩེ་གཅིག་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept