བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

རྟེན་འབྲེལ་ཉེས་སེལ་གྱི་ཆོ་ག་བསྡུས་པའི་སྦྱིན་བསྲེག་མི་མཐུན་ཀུན་ཞི།

English | བོད་ཡིག

༄༅། །རྟེན་འབྲེལ་ཉེས་སེལ་གྱི་ཆོ་ག་བསྡུས་པའི་སྦྱིན་བསྲེག་མི་མཐུན་ཀུན་ཞི་བཞུགས་སོ། །

 

ན་མོ་པདྨ་ཀཱ་རཱ་ཡཾ།

དེ་ལ་རྟེན་འབྲེལ་ཉེས་སེལ་གྱི་ཆོ་ག་བསྡུས་པ་དང་འབྲེལ་བའི་སྦྱིན་སྲེག་གཏེར་གཞུང་ལས་ཅུང་ཟད་རྒྱས་པར་སྤྲོ་བར་འདོད་ན། ཞི་རྒྱས་གང་རུང་གི་ཐབ་སྟེང་ཁར་ཐིག་ཆེན་བརྒྱད་བཏབ་པའི་ལྟེ་བར་ཆོས་འབྱུང་བསྣོལ་མ་དམར་པོའི་དབུས་སུ་ཧཱུྃ་དམར། དེ་རྒྱབ་འོད་ཕྲེང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་བྲིས་པ་དང་བུད་ཤིང་ཟླུམ་པོའམ་གྲུ་བཞིར་བརྩེགས། ཡམ་ཤིང་མར་ཁུ་བསྲེག་རྫས་སྣ་ཚོགས་དཔལ་འབར་རྣམས་འདུ་བྱས་ལ།

རཾ་ཡཾ་ཁཾ༔

མཆོད་རྫས་རྣམ་པ་ཐམས་ཅད་པ༔

ཟག་མེད་ཡེ་ཤེས་རང་བཞིན་གྱུར༔

ཨོཾ་ཨཱཿ་ཧཱུྃ༔

བདུན་ནམ་ལན་གསུམ་བརྗོད་པར་བྱ༔

མེ་ལྷ་མཆོད་པ་ནི། དཔལ་འབར་ལ་མེ་སྤོར་ལ།

ཛྭ་ལ་རཾ༔

ཞེས་གཡས་གཡས་བསྐོར་གྱི་ཤར་སྒོ་ནས་སྤར།

ཤར་ལྷོའི་བདག་པོའི་དྲང་སྲོང་མཆོག༔

སྤྱན་དྲངས་མེ་དང་དབྱེར་མེད་གྱུར༔

ཛ་ཧཱུྃ་བཾ་ཧོཿ

མེ་ལྷའི་ཞལ་ཧོམ་ཀློང་ཡངས་སུ༔

དམ་རྫས་བདུད་རྩིའི་སྦྱིན་སྲེག་འབུལ༔

ཐོག་མར་བྱོན་སྐྱེམས་མར་ཁུ།

ཨོཾ་ཨགྣེ་མེ་དེ་ཝ་ཤྲཱི་སརྦ་ཤིནྟཾ་པུཋྚིཾ་ཝ་ཤཾ་མ་ར་ཡ་ཧཱུྃ་སྭཱཧཱ༔

ཞེས་པའི་སྔགས་ཀྱི་དབུལ།

དེ་ནས་ཡཾ་ཤིང་མར་ཁུ་བསྲེག་རྫས་རྣམས་གྲངས་ཅི་ནུས་དབུལ།

མཚམས་རྣམས་སུ་འདོད་གསོལ་ནི།

ལྷ་རྣམས་མཆོད་དང་ཕྲིན་ལས་བཞི༔

མྱུར་དུ་འགྲུབ་པའི་གྲོགས་མཛོད་ཅིག༔

ཅེས་གདགས་འདས་པའི་མེ་ལྷ་མཆོད་པ་ནི།

མེ་ལྷ་ཡེ་ཤེས་མེ་འབར་ཀློང་༔

མ་ཧཱ་གུ་རུ་པདྨ་འབྱུང་༔

སྣང་སྲིད་ཟིལ་གནོན་རང་སྣང་ལྷ༔

སྒྱུ་འཕྲུལ་འདུས་པ་མདོ་དང་ནི༔

བླ་མ་དགོངས་འདུས་བཀའ་བརྒྱད་ཀྱི༔

གཙོ་འཁོར་དམ་ཡེ་གཉིས་མེད་པ༔

རང་བྱུང་ལྷུན་གྲུབ་ཆེན་པོར་བསྒོམ༔

དགང་བླུགས་ཐོག་ནས།

ཀློང་ཡངས་འཁྱིལ་བའི་ཞལ་ཧོམ་དུ༔

དམ་རྫས་བདུད་རྩིའི་འདོད་ཡོན་འབུལ༔

དམ་བསྐོང་མཐུ་དབང་དངོས་གྲུབ་སྩོལ༔

ལས་བཞི་མྱུར་དུ་འགྲུབ་པར་མཛོད༔

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་དེ་ཝ་ཌཱ་ཀི་ནི་སརྦ་ཤིནྟཾ་པུཥྚིཾ་ཝ་ཤཾ་མ་ར་ཡ་ཧཱུྃ་སྭཱཧཱ༔

ཞེས་པས་བྱོན་སྐྱེམས་དང་། དེ་ནས་ཡཾ་ཤིང་། མར་ཁུ་བསྲེག་རྫས་རྣམས་བརྒྱ་རྩ་སོགས་འབུལ།

མཆོད་རྫས་རྣམས་སུ་འདོད་གསོལ་ནི།

བསྲེག་རྫས་སྣ་ཚོགས་ཕུལ་བ་ཡི། །

བཅས་རང་ཉེས་ཞི་ཚེ་བསོད་རྒྱས། །

ཁམས་གསུམ་དབང་འདུས་བདུད་བགེགས་སྒྲོལ། །

སྟོབས་དང་རྫུ་འཕྲུལ་ཤེས་བློ་འཕེལ། །

སྐུ་གསུམ་འབྲས་བུ་ཐོབ་པ་དང་། །

རྟེན་འབྲེལ་ཉེས་ཚོགས་ཞི་བར་མཛོད། །

ཅེས་དང་། དམིགས་པ་ནི།

འོད་ཀྱིས་བསྒྲུབ་བྱ་ལ༔

ཁྱབ་པས་ལས་རྣམས་མྱུར་འགྲུབ་བསམ༔

རྗེས་སུ་ཨརྒྷཾ་སོགས་ཀྱི་མཆོད༔

པཉྩ་ཨ་མྲི་ཏ་ཁཱ་ཧི༔

མ་ཧཱ་རཀྟ་ཁཱ་ཧི༔

མ་ཧཱ་བ་ལིངྟ་ཁཱ་ཧི༔

སངས་རྒྱས་ཀུན་གྱི་བདག་ཉིད་མཆོག༔

ཞི་ཁྲོའི་ལྷ་རྣམས་འདུས་པའི་དཔལ༔

ཡིད་བཞིན་ནོར་ལྟར་འདོད་དགུའི་གཏེར༔

པདྨ་ཐོད་ཕྲེང་རྩལ་ལ་བསྟོད༔

པདྨ་ས་ཏྭའི་ཡིག་བརྒྱ་ལན་གསུམ་བརྗོད་པས་ནོངས་པས་བཤགས༔

ལྷ་རྣམས་རང་སེམས་དབྱེར་མེད་ངང་༔

མི་དམིགས་སྤྲོས་བྲལ་དབྱིངས་སུ་བཞག༔

རྗེས་ཐོབ་གུ་རུའི་གཟུགས་སྐུར་ལྡང་༔

སྤྱོད་ལམ་ཡེ་ཤེས་རོལ་པར་ཁྱེར༔

རྗེས་སུ་བསྔོ་སྨོན་ཤིས་བརྗོད་ཀྱི་མཐའ་རྒྱན། མེ་རང་ཞི་འཇོག་པའམ་དྲི་བཟང་གི་ཆུས་གཞིལ་བར་བྱའོ། །

 

ཅེས་པའང་ཀཿཐོག་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཀྱི་གསུང་གི་བསྐུལ་བཞིན་ཆོས་ཀྱི་བློ་གྲོས་པས་བྲིས་པ་ཉེས་འགལ་མཆིས་ན་ཆོས་ཀྱི་བདག་པོར་བཤགས་ཤིང་དགེ་བས་སྣོད་བཅུད་ཀྱི་རྟེན་འབྲེལ་ཉེས་ཚོགས་ཐམས་ཅད་ཞི་བའི་རྒྱུར་གྱུར་ཅིག །མངྒ་ལཾ། ཤུ་བྷཾ། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

རྟེན་འབྲེལ་ཉེས་སེལ།

གནས་ཚུལ་འཕར་མ།

BDRC Author Profiles: P733 P5970

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept