Supplement to Lineage Prayer for Tsarchen's Instructions—Tibetan

Practices › Lineage Prayers | Schools & Systems › Lamdré | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།སྒ་སྟོན་ངག་དབང་ལེགས་པ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

ཚར་ཆེན་བློ་གསལ་རྒྱ་མཚོ།

Further information:
Download this text:

༄༅། །ཚར་ཆེན་གྱི་མཛད་པའི་གསུང་ངག་བརྒྱུད་འདེབས་ཞལ་སྐོང་།

 

རྣམ་གྲོལ་བྱང་ཆུབ་ཆེན་པོའི་དབེན་གནས་སུ།    །

གསང་ཆེན་སློབ་བཤད་བསྟན་པའི་བང་མཛོད་འཛིན།    །

མཁས་ཤིང་གྲུབ་བརྙེས་ཐར་རྩེ་རྡོ་རྗེ་འཆང་།    །

བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།    །

 

ཨེ་ཝྃ་ཆོས་འཁོར་རྩེ་ཡི་བླ་བྲང་དུ།    །

འཇམ་དབྱངས་བླ་མའི་ཐུགས་སྲས་མཆོག་གྱུར་པ།    །

བཤད་དང་བསྒྲུབ་པའི་དཔལ་ལ་དབང་འབྱོར་བ།    །

རིན་ཆེན་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས།    །

 

འདི་ཡན་ལེགས་པ་རིན་པོ་ཆེས་མཛད།    །

 

དགའ་ལྡན་ས་བཟང་ཆོས་ཀྱི་ཕོ་བྲང་དུ།    །

དུས་གསུམ་རྒྱལ་བ་མ་ལུས་འདུས་པའི་དངོས།    །

འཇམ་དབྱངས་བླ་མ་སྒ་སྟོན་རྡོ་རྗེ་འཆང་།    །

ངག་དབང་ལེགས་པའི་ཞབས་ལ་གསོལ་བ་འདེབས།    །

 

རིས་མེད་མཁས་གྲུབ་འདུ་བའི་སྨན་ལྗོངས་སུ།    །

ཟབ་རྒྱས་མདོ་སྔགས་ཆོས༵་ཀྱི༵་མཛོད་འཛིན་པ།    །

བློ༵་གྲོས༵་མཚུངས་མེད་མཐའ་ཀླས་གདུལ་བྱའི་ངོར།    །

དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།    །

 

ཤྭ་ལོ་ཀ་འདི་གཉིས་ཤིང་རྟ་ལོར་ས་སྐྱ་པ་ཡབ་སྲས་སློབ་བཤད་ཕུལ་སྐབས་སྡེ་གཞུང་མཆོག་སྤྲུལ་རིན་པོ་ཆེའི་བཞེད་ངོར་ཆོས་ཀྱི་བློ་གྲོས་པས་སོ།།    །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept