བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་སེམས་མ་བཞིའི་མངོན་རྟོགས།

English | བོད་ཡིག

༄༅། །ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་སེམས་མ་བཞིའི་མངོན་རྟོགས་ནི།

 

ལས་གཞུང་གི།

ཕྱོགས་བཞིར་པདྨ་འདབ་བཞིའི་གདན་སྟེང་དུ། །

ཞེས་པའི་མཚམས།

ཤར་དུ་རྗེ་བཙུན་སྒྲོལ་མ་སྐུ་མདོག་དཀར། །

ཕྱག་གཡས་མཆོག་སྦྱིན་ཨུཏྤལ་དཀར་པོ་དང་། །

གཡོན་པས་མཉམ་བཞག་འཆི་མེད་ཚེ་བུམ་འཛིན། །

ཞབས་གཉིས་སེམས་མའི་སྐྱིལ་མོ་ཀྲུང་གིས་བཞུགས། །

 

ལྷོ་རུ་འོད་ཟེར་ཅན་མ་གསེར་གྱི་མདོག །

ཞབས་གཉིས་དོར་སྟབས་ཞི་ཁྲོའི་ཉམས་དང་ལྡན། །

ཞལ་གཅིག་ཟུར་ཞལ་གྱེན་དུ་གཟིགས་པའི་ཚུལ། །

ཕྱག་གཉིས་ནོར་བུ་ཉི་ཟླའི་ཞགས་པ་གདེངས། །

 

ནུབ་ཏུ་ཀུ་རུ་ཀུལླེ་པད་རག་མདངས། །

ཞལ་གཅིག་ཕྱག་བཞི་ཞབས་གཉིས་བརྐྱང་བསྐུམ་བཞུགས། །

རྩ་ཕྱག་པདྨ་དམར་པོའི་མདའ་གཞུ་བཀང་། །

ལྷག་མ་རྣམ་གཉིས་ལྕགས་ཀྱུ་ཞགས་པ་གདེངས། །

 

བྱང་དུ་ནོར་རྒྱུན་ལྷ་མོ་སྐུ་མདོག་ལྗང་། །

ཡིད་བཞིན་འདོད་པ་འཇོ་བའི་གཏེར་བུམ་སྟེང་། །

ཞལ་གཅིག་ཕྱག་གཉིས་ཞབས་གཉིས་མཉམ་སྟབས་བཞེངས། །

ཕྱག་གཡས་ནོར་བུ་གཡོན་པས་ནེའུ་ལེ་འཛིན། །

ཀུན་ཀྱང་རང་རང་རྒྱན་དང་ཆ་ལུགས་རྫོགས། །སོགས་གཞུང་ལྟར་རོ།། །།

 

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Avalokiteśvara, the Great Compassionate One

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept