History of the Kīla of Lightning-Forged Meteoric Iron—Tibetan

Literary Genres › History | Literary Genres › Letters | Collections & Cycles › Longchen NyingtikTakhyung Barwa | Literary Genres › Termas | བོད་ཀྱི་བླ་མ།འཇིགས་མེད་གླིང་པ།

English | བོད་ཡིག

འཇིགས་མེད་གླིང་པ།

འཇིགས་མེད་གླིང་པ།

Further information:
Download this text:

༄༅། །རྟ་ཁྱུང་འབར་བའི་གཏེར་རྫས་ཕུར་པ་གནམ་ལྕགས་ཐོག་རྒོད་ཀྱི་ལོ་རྒྱུས།

བླ་མ་དྲག་པོ་རྟ་ཁྱུང་འབར་བ་ལ་ན་མོཿ རྡོ་རྗེ་ཕུར་པ་གནམ་ལྕགས་ཐོག་རྒོད་ཀྱི་ལོ་རྒྱུས་ནི། བླ་དྲག་པོ་རྟ་ཁྱུང་འབར་བའི་ཆོས་སྐོར་འབྱུང་རྒྱུའི་རྫས་གཏེར་བརྡའ་རྟགས་སུ། ཧས་པོ་རི་རྩེར། གཞུང་སའི་ལྷ་བསང་ལ་ཕྱིན་པའི་བསངས་བརྔན་གྱི་སྒང་ལ་སྡེ་བརྒྱད་མང་པོ་ཚོགས་པའི་ཉམས་སྣང་དང་། ལྷག་པར་རྡོ་རྗེ་ལེགས་པ་བནྡེ་ལྔ་པ་ཅན་གྱི་རྣམ་པས་ཕུར་པ་མེ་སྟག་འཕྲོ་བ་ཞིག་བྱིན་ནས། འདི་སློབ་དཔོན་ཆེན་པོས་མལ་གྲོ་བཏུལ་བའི་ཕུར་པ་ཡིན་ཟེར། དེ་ནས་གུང་སེང་གི་དུས། རབ་གྲྭ་དགེ་དོན་དང་བཅས། ཇོ་བོའི་རྡོ་སྐུ་བྱོན་སར་ཕྱིན་པས་ཁོས་སྒོམ་ཕྱོགས་ཀྱི་དྲི་བ་མང་པོ་བྱས་པའི་རྐྱེན་གྱི་སྣང་བ་གཏད་མེད་ཞིག་གི་ནང་ལ་ཕ་བོང་ཞིག་གི་འོག་ན་རྩ་ཆུན་ཆེན་པོ་ཞིག་སྐྱེས་འདུག་པ་དེ་འཐེནཔའི་ཤུལ་ནས། སོལ་བ་ཁ་ཤེས་དང་། རྩིག་པའི་རྣམ་པ་ཅུང་ཟད་འདུག་པའི་ཁྲོད་ནས་ཕུར་པ་འདིས་ལ་དམ་པོར་བསྣུན་པའི་ཚུལ་གྱི་འཇུག་པ་རྙེད། ངོ་བོ་སྡེ་བརྒྱད་ཀྱི་ཐོག་ལྕགས་ཇྷི་ཥི་མ་བཅོས་བུ་དང་ཁྱད་པར་མེད་པའི་ལི་དམར་རྩོད་བྲལ་དུ་ངེས་བརྙེད། འདི་ལོའི་དགུན་ཐོག་བླ་མ་དྲག་པོ་རྟ་ཁྱུང་འབར་བའི་ཆོས་སྐོར་བྱུང་ཚུལ་རང་གཞུང་ལ་གསལ། ཆོས་འདི་བྱིན་རླབས་ཤིན་ཏུ་མྱུར་བས་དམ་སྲིའི་བར་ཆད་བཟློག ཚེ་འཕྲེང་སེལ། ཀོ་སྒོམ་ཆོས་ཉིད་ཀྱི་བསྙེན་པ་བྱས་པའི་ཚེ།། སྦལ་བ་ཞིག་ཁ་གདངས་ནས་ཞེད་པའི་ཚུལ་གྱི་ཕྱག་བྱེད་པ་ལན་གསུམ་དང་། བྱ་སྐྱ་ཀ་ཞིག་མཚོ་ནང་དུ་འཇུག་ནས་སྦྲུལ་གྱི་མཇུག་མ་ནས་བཟུངས་སྟེ་བཏོན་པའི་མགོ་ལ་མེ་འབར་བ་སོགས་བྱུང་ནས། ཀླུ་གཉན་ལ་ཤིན་ཏུ་གནོད་པར་དོགས་པས་འཇིགས་ཏེ་བསྙེན་པ་བྱེ་བ་གཅིག་སོང་མཚམས་བཞག་པ་ཡིན་ཟེར་འདིའི་ཆོས་དང་རྫས་གཏེར་གཉིས་གདུགས་པ་ཀླུའི་གཉེན་པོར་གྱུར་པ་ཡིན། གསང་སྔགས་གསང་སྟེ་སྒྲུབ་པ་ཡིན་པས་སྔར་སུ་ལའང་མ་བཤད་དེ། ལྟ་ལྕམ་ངང་ཚུལ་རྒྱལ་མོའི་ངོར་བརྗོད་པ་གུ་ཧྱ། རྒྱ་རྒྱ་རྒྱཿ

This website uses cookies to collect anonymous usage statistics and enhance the user experience.
Decline
Accept