བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

འཇམ་དཔལ་དབྱངས་ཀྱི་གསོལ་འདེབས།

English | བོད་ཡིག

༄༅། །འཇམ་དཔལ་དབྱངས་ཀྱི་གསོལ་འདེབས།

 

ཟབ་གསལ་འགྱུར་མེད་མི་ཤིགས་རྡོ་རྗེའི་སྐུ། །

མཁའ་ཁྱབ་རྡུལ་གཅིག་མ་ལུས་རྗེས་སོང་བ། །

མི་གཡོ་ལྷན་སྐྱེས་རང་བཞིན་འདུས་མ་བྱས། །

འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱོད་ལ་འདུད། །

 

བརྗོད་བྲལ་རྨད་བྱུང་གསང་བ་སྟོང་པའི་བདག །

འོད་གསལ་ཡེ་ཤེས་འཕྲོ་བ་སྣང་བའི་དཔྱིད། །

ཁྱབ་བདག་ཕྲ་བའི་ལུས་ཅན་གཞོན་ནུའི་སྐུ། །

སེམས་ཀྱི་རྡོ་རྗེ་ཡེ་ཤེས་སེམས་དཔར་འདུད། །

 

གང་གི་རང་བཞིན་མཐོང་བ་གཅིག་པུས་ཀྱང༌། །

རྩོལ་མེད་རྫོགས་པའི་ཡོན་ཏན་བབ་ཀྱིས་སྟོབས། །

འབར་བའི་འོད་མཚེར་སྣང་བ་ལམ་མེ་བ། །

རྣལ་འབྱོར་ལམ་གྱི་ཉི་མ་ཁྱོད་ལ་འདུད། །

 

ཡོན་ཏན་རྫོགས་པའི་རྒྱལ་བའི་ཐུགས་དབུས་སུ། །

སྤྲོས་བྲལ་མཉམ་པ་ཉིད་གནས་འཕོ་འགྱུར་བྲལ། །

ཀུན་མཁྱེན་ཡེ་ཤེས་སྐུ་ཅན་འཇམ་པའི་དབྱངས། །

ཉག་གཅིག་འབྲས་བུའི་མཐར་ཐུག་ཁྱོད་ལ་འདུད། །

 

ཅེས་པའང་དཔལ་སེང་གེ་རིའི་ཆོས་གྲྭ་ནས་རྣམ་འགྲེལ་གཞུང་ལ་འཆད་ཉན་བགྱིད་སྐབས་ལྷག་པའི་ལྷ་ལ་མི་ཕྱེད་པའི་དད་པ་ཐོབ་ནས་བཙུན་ཆུང་ངག་དབང་དཔལ་བཟང་གིས་ཐོལ་བྱུང་དུ་སྨྲས་པ་དགེའོ།། །།

 

མཁན་ཆེན་ངག་དབང་དཔལ་བཟང་།

འཇམ་དཔལ།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept