Types of Spiritual Song—Tibetan

Literary Genres › Songs and Poems | Major & Minor Sciences › Literary Theory | Literary Genres › Notes | བོད་ཀྱི་བླ་མ།མཁན་པོ་གཞན་ཕན་སྣང་བ།

English | Français | བོད་ཡིག

མཁན་པོ་གཞན་ཕན་སྣང་བ།

Khenpo Shenpen Nangwa

༄༅། །མགུར་དབྱངས་ཀྱི་རྣམ་གྲངས།

ལར་མགུར་དབྱངས་འདི་ལ་རྣམ་གྲངས་དུ་མ་ཡོད་དེ། དཔའ་བོ་དང་མཁའ་འགྲོ་དགྱེས་པ་བསྐྱེད་པ་ཧེ་རུ་ཀ་རང་བྱུང་གི་གླུ། རྟོགས་པའི་ཡེ་ཤེས་མངོན་སུམ་སྟོན་པ་གྲུབ་ཐོབ་རྣམས་ཀྱི་དོ་ཧ། མོས་གུས་དང་སྙིང་རྗེ་རྩོལ་མེད་དུ་སྐྱེས་ཚེ་བླ་མའི་ཐུགས་རྒྱུད་བསྐུལ་བ་བླ་མ་རྒྱང་འབོད་ཀྱི་གླུ། ཉམས་མྱོང་རྒྱུད་ཐོག་ཏུ་ཁེལ་ནས་གང་ཤར་ལྷུག་པ་སྨྲ་བ་རྣལ་འབྱོར་པའི་ཉམས་གླུ། ཉམས་རྟོགས་ཀྱི་རྩལ་འབྱུང་བའི་ཚེ་རྟོགས་པའི་སྐྱིད་གླུ། གང་ལ་ཡང་འཇིགས་པ་མེད་པ་ཉམས་ཤར་བའི་ཚེ་སྣང་བ་ཟིལ་གནོན་གྱི་གླུ། འགྱོད་མེད་དུ་དགེ་སྦྱོར་གྲུབ་ནས་བློ་བདེ་གུ་ཡངས་ཀྱི་གླུ། གོ་ཡུལ་དང་མྱོང་བ་འདྲེས་ནས་མགུར་བཅོས་མ། ཐམས་ཅད་མཉམ་ཉིད་དུ་རྟོགས་པའི་འཁོར་འདས་མཉམ་ཉིད་ཀྱི་གླུ་སོགས་མང་དུ་ཡོད་པ་ལས་ཁྱོད་ཀྱི་གླུ་དེ་རྣལ་འབྱོར་པའི་ཉམས་གླུ་ལེགས་པོར་འདུག་རྗེས་སུ་ཡི་རང་། དགེའོ།། །།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept