As Those Who Possess Bodhicitta…—Tibetan

Deities › Dharma Protectors | Collections & Cycles › Longchen Nyingtik | བོད་ཀྱི་བླ་མ།དཔལ་སྤྲུལ་རིན་པོ་ཆེ།

English | བོད་ཡིག

དཔལ་སྤྲུལ་རིན་པོ་ཆེ།

Ma Gön Chamdral, the protectors of Longchen Nyingtik

Further information:
Download this text:

༄༅། །བྱང་ཆུབ་སེམས་དང་ལྡན་པ་སོགས།

 

བྱང་ཆུབ་སེམས་དང་ལྡན་པའི་སྐྱེས་བུ་ཡིས། །

ཐུགས་བསྐྱེད་དམ་བཅའ་མི་ཉམས་བསྟན་འགྲོའི་དོན། །

སྐལ་མེད་ཐར་པའི་ས་བོན་འདེབས་པ་ལ། །

དམ་ཅན་རྒྱ་མཚོས་རུ་ང་ཕྲག་དོག་སྤོངས། །

 

ཤིན་ཏུ་གདུལ་དཀའ་ལས་འབྲེལ་མེད་པའི་རིགས། །

བཀའ་སྲུང་དྲེགས་པའི་ཟ་ཁ་ཟུག་པ་ལ། །

ཕྱི་ཚུལ་འཇམ་པོས་འབྲེལ་བ་བཞག་ན་འང་། །

བཀའ་སྡོང་ཕོ་ཉའི་ཚོགས་ཀྱིས་ཟ་ངུ་གྱིས། །

 

བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་པ་དང་། །

རྒྱལ་བསྟན་དར་རྒྱས་འགྲོ་བའི་བདེ་སྐྱིད་སྤེལ། །

དམག་ཇག་ཆོམ་པོའི་ལས་ངན་རྒྱུན་ཆད་ནས། །

བསམ་དོན་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །

 

འདི་མཚམས་སྤྲུལ་རིན་པོ་ཆེ་མགོ་ལོག་ཏུ་ཕེབས་སྐབས་དཔལ་སྤྲུལ་པས་སོ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept