བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

འཕགས་པ་ཐུགས་རྗེ་ཆེན་པོའི་མངོན་རྟོགས་ཡིད་བཞིན་ནོར་བུ།

English | Français | བོད་ཡིག

༄༅། །འཕགས་པ་ཐུགས་རྗེ་ཆེན་པོའི་མངོན་རྟོགས་ཡིད་བཞིན་ནོར་བུ་བཞུགས་སོ།།

 

འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ།

 

ཧྲཱིཿ༔ རང་ཉིད་སྐད་ཅིག་དྲན་པའི་ཏིང་འཛིན་གྱིས༔

སྟོང་པའི་ངང་ལས་པད་མ་ཟླ་བའི་གདན༔

པད་དཀར་ཧྲཱིཿམཚན་ཡོངས་སུ་གྱུར་པ་ལས༔

ཐུགས་རྗེའི་མངའ་བདག་འཕགས་མཆོག་སྤྱན་རས་གཟིགས༔

ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར་ལ་འཚེར༔

དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔

ཕྱག་གཡས་འོག་མ་རིན་ཆེན་ཤེལ་ཕྲེང་འཛིན༔

ཕྱག་གཡོན་པད་དཀར་འདབ་བརྒྱད་ཡུ་བ་འཛིན༔

ཞལ་འཛུམ་སྤྱན་གདངས་ཤངས་ཀྱི་དབྱིབས་མཐོ་ཞིང་༔

དབུ་སྐྲ་ལྕང་ལོ་མཐོན་མཐིང་གྱེན་དུ་འཁྱིལ༔

སྤྱི་གཙུག་སངས་རྒྱས་སྣང་བ་མཐའ་ཡས་བཞུགས༔

རང་ཉིད་དེ་ལྟར་གསལ་བའི་ཐུགས་ཀ་ན༔

པད་མ་དཀར་པོ་འདབ་དྲུག་གྱེས་པའི་དབུས༔

ཡི་གེ་ཧྲཱིཿམཚན་འབྲུ་དྲུག་འདབ་སྟེང་དུ༔

ཕྱི་རོལ་ཡི་གེ་དྲུག་མ་གཡས་སུ་འཁོར༔

ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ

དེ་ལྟར་གསལ་བའི་སྐུ་ལས་འོད་འཕྲོས་པས༔

སྣང་བ་ཐམས་ཅད་སྣང་སྟོང་ལྷ་ཡི་སྐུ༔

འཕགས་པའི་རྒྱལ་པོ་ཐུགས་རྗེ་ཆེན་པོར་དམིགས༔

སྔགས་ལས་འོད་འཕྲོས་འབྱུང་བའི་སྒྲ་ལ་སོགས༔

གྲགས་པ་ཐམས་ཅད་གྲགས་སྟོང་སྔགས་ཀྱི་སྒྲ༔

དྲན་རྟོགས་སྐྱེ་འགག་གནས་གསུམ་མཐའ་བྲལ་ངང་༔

སྨྲ་བསམ་བརྗོད་མེད་སྟོང་པའི་ངང་ལ་བཞག༔

དེ་ལྟར་གསལ་བའི་རིག་སྔགས་འབྲུ་དྲུག་པོ༔

སྒྲ་ཟུར་མ་ཉམས་ཡི་གེ་དྲུག་མ་བཟླ།

ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ

དེ་ལྟར་རྒྱུན་དུ་བསྒོམ་པར་བྱ༔ སྐབས་སུ་མཆོད་བསྟོད་འཕྲིན་ལས་བཅོལ་༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔

འཕགས་པ་ཐུགས་རྗེ་ཆེན་པོའི་མངོན་རྟོགས་ཡིད་བཞིན་ནོར་བུ་རྫོགས་སོ། ས་མ་ཡ་༔ རྒྱ་རྒྱ་རྒྱ༔

 

ནུབ་ཟངས་མཛོད་དམར་པོ་ནས་སྤྲུལ་སྐུ་རིག་འཛིན་ཆེན་པོས་གཏེར་ནས་གདན་དྲངས་པའོ། མངྒ་ལཾ། །

 

རིག་འཛིན་རྒོད་ལྡེམ་དངོས་གྲུབ་རྒྱལ་མཚན།

Four-Armed Avalokiteśvara

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept