Cloud Banks of Blessings—Tibetan

Practices › Prayers | Collections & Cycles › Ḍākinī Treasury | བོད་ཀྱི་བླ་མ།སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ།

English | Español | Français | བོད་ཡིག

སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ།

Sera Khandro Kunzang Dekyong Wangmo

Further information:
Download this text:

ཆོས་ཉིད་དགོངས་པའི་ཀློང་མཛོད་ལས༔ སྐྱེ་ཕྲེང་གསོལ་འདེབས་བསྡུས་པ་བྱིན་རླབས་སྤྲིན་ཕུང་བཞུགས༔

 

ཨེ་མ་ཧོ༔

ཆོས་དབྱིངས་འདུས་མ་བྱས་པའི་མཁའ་ཀློང་ནས༔

གདངས་སྣང་མ་འགགས་སྟོང་གསལ་ཐུགས་རྗེའི་གར༔

རྣམ་ཀུན་མཆོག་ལྡན་རྡོ་རྗེ་རྣལ་འབྱོར་མ༔

གདུལ་བྱའི་སྣང་ངོར་ཆུ་ཟླའི་རྣམ་རོལ་གར༔

གང་འདུལ་སྐུར་བཞེངས་མཛད་པ་མཐའ་ཡས་པ༔

འགྲོ་ཁམས་ཡོངས་སྒྲོལ་མཆོག་ལ་གསོལ་བ་འདེབས༔

 

རྒྱ་གར་འཕགས་ཡུལ་གྲུབ་པའི་དབང་ཕྱུག་དཔལ༔

འབྱུང་ལྔར་དབང་ཐོབ་རོ་ལངས་དམར་མོ་དང༔

རིམ་བརྒྱུད་བོད་ཡུལ་གུ་རུ་པད་འབྱུང་དྲུང༔

སྐུ་ཡི་གཟུངས་མ་ཤེལ་དཀར་རྡོ་རྗེ་མཚོ༔

མི་བརྗེད་གཟུངས་ཐོབ་དེ་ལ་གསོལ་བ་འདེབས༔

 

མཚོ་རྒྱལ་བྱིན་ཐོབ་ཟབ་པའི་གཏེར་ལ་དབང༔

ཀུན་དགའ་འབུམ་མ་བྱང་ཆུབ་ཆོས་སྒྲོན་སོགས༔

སྐུ་ཕྲེང་རིམ་པར་བརྒྱུད་ལ་གསོལ་བ་འདེབས༔

 

བོད་ཡུལ་དབུས་སུ་སྦས་པའི་རྣལ་འབྱོར་པ༔

ཐ་མལ་ཚུལ་འཛིན་ཟབ་པའི་གཏེར་ལ་དབང༔

སྣ་ཚོགས་ཐབས་ཀྱིས་གཏེར་གཉིས་གདུལ་བྱ་སྐྱོང༔

གང་འབྲེལ་པདྨ་འོད་ཀྱི་ཞིང་དུ་འདྲེན༔

བདེ་ཆེན་བདེ་བའི་རྡོ་རྗེར་གསོལ་བ་འདེབས༔

 

འདི་ཕྱི་བར་གསུམ་འབྲལ་མེད་རྗེས་བཟུང་ནས༔

འོད་གསལ་རྫོགས་ཆེན་དགོངས་པ་མངོན་གྱུར་ཏེ༔

ཀ་དག་ཀུན་ཏུ་བཟང་པོར་བྱང་ཆུབ་ཤོག༔

 

ཅེས་པ་འདི་ཡང་དམ་ལྡན་གྱི་སློབ་བུ་དམ་ཆོས་ཞེས་པས་བསྐུལ་ལྕག་བྲབ་པ་ནན་ཆགས་ཆེ་བ་དང༌། གཞན་ཡང་བུ་སློབ་རྣམས་ཀྱིས་ཡང་ཡང་བསྐུལ་ངོར་དམ་པ་གོང་མ་རྣམས་ཀྱིས་རྡོ་རྗེའི་ལུང་གིས་བསྔགས་པ་དུས་མཐའི་གཏེར་མིང་འཛིན་པ་སུ་ཁ་བཛྲ་གྱིས་བྲིས་པའོ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept