The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer That Dispels All Delusion and Illuminates Insight—Tibetan

English | བོད་ཡིག

༄༅། །ཆོས་ཉིད་མཁའ་འགྲོའི་གསང་མཛོད་ལས༔་ ཡེ་ཤེས་མཁའ་འགྲོའི་གསོལ་འདེབས་རྨོངས་པ་ཀུན་སེལ་ཤེས་རབ་གསལ་བྱེད་བཞུགས༔

 

ཨེ་མ་ཧོ༔

སྐྱེ་མེད་དབྱིངས་ཡུམ་བདེ་ཆེན་ཀུན་བཟང་མོ༔

ཐུགས་རྗེ་སྒྱུ་མའི་རོལ་བ་བདེ་ཆེན་རྒྱལ༔

ཌཱ་ཀིའི་རྗེ་མོ་དབྱངས་ཅན་མཚོ་རྒྱལ་མ༔

གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས༔

ལུས་དང་ལོངས་སྤྱོད་སྣང་སྲིད་མཆོད་པ་འབུལ༔

ཤེས་རབ་གཟུངས་དང་བློ་གྲོས་སྤོབས་པ་སྩོལ༔

མཁྱེན་དང་བརྩེ་བ་ཆེན་པོས་རྗེས་བཟུང་ནས༔

མ་རིག་མུན་པའི་སྨག་རུམ་སེལ་ནས་ཀྱང༔

ཤེས་རབ་བློ་གྲོས་རྒྱས་པར་བྱིན་གྱིས་རློབས༔

ཨོཾ་ཛྙཱ་ན་ཌཱ་ཀི་ནི་པྲཛྙཱ་སརྦ་སིདྡྷི་ཕ་ལ་ཧཱུྃ༔

 

ཞེས་པ་མི་ཚིག་མ་འདྲེས་པར༔ ཟས་ཀྱི་སྐྱོན་སྤངས་ཐོ་རངས་དུས༔ ཉིན་བཞིན་བརྒྱ་སྟོང་ཁྲི་འབུམ་བཟླས༔ བྱེ་བ་གཅིག་གིས་འགྲུབ་པར་ངེས༔ ཤེས་རབ་སྤོབས་པ་འཐོབ་པ་དང༔ མ་རིག་མུན་པ་སེལ་བར་འགྱུར༔ ཐེ་ཚོམ་མེད་དོ་ས་མ་ཡ༔ སྐལ་ལྡན་བུ་དང་འཕྲད་པར་ཤོག༔ སྐལ་མེད་ལོག་ལྟའི་འགྲོ་བ་ལ༔ བཀའ་སྲུང་རྣམས་ཀྱིས་གཉེར་གྱིས་ཤིག༔ ཁ་གསག་དམ་ཉམས་རྟོག་གེ་མཁན༔ བཀའ་ལོག་རྣམས་ཀྱི་སྙིང་ཁྲག་བཞེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ཅེས་པའང་མཁའ་འགྲོའི་གསོལ་འདེབས་རྨོངས་པ་ཀུན་སེལ་འདི་ཡང་དགོས་གལ་དང་བསྟུན་ཏེ། སྤྲང་མོ་འཆོལ་པོ་སུ་ཁ་བཛྲ་གྱིས་ག་ག་ཏཱ་རེ་ལ་བྲིས་པའི་དགེ་བས་འགྲོ་ཀུན་བློ་གྲོས་ཤེས་བྱ་རྒྱས་པའི་རྒྱུར་གྱུར་ཅིག། དགེའོ༎

 

སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ།

ཡེ་ཤེས་མཚོ་རྒྱལ།

Further information:

BDRC Author Profiles: P742 P7695

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept