The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Gesar Invocation and Offering—Tibetan

English | བོད་ཡིག

འུྃ༔ དག་སྣང་ལས་གེ་སར་གསོལ་མཆོད་འདོད་དོན་མྱུར་འགྲུབ་བཞུགས༔

 

ན་མོ་པདྨ་ཀྲོ་ཏ་ཡེ༔

གང་ཞིག་རྣལ་འབྱོར་ལྡན་པ་ཡིས༔ 
སེང་ཆེན་དཔའ་བོ་མཆོད་པའི་ཐབས༔ 
འདོད་དོན་མྱུར་འགྲུབ་འདི་རུ་བསྟན༔

གསེར་སྐྱེམས་ལ་སོགས་ཅི་འབྱོར་བཤམས༔ 
ནམ་མཁའ་མཛོད་ཀྱིས་བྱིན་གྱི་བརླབས༔ 
ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔

དེ་ནས་གསོལ་མཆོད་བྱ་བ་ནི༔

ཧཱུཾ༔ རིགས་གསུམ་པད་འབྱུང་སྤྲུལ་པ་སེང་ཆེན་རྒྱལ༔

གེ་སར་ནོར་བུ་དགྲ་འདུལ་སྤྲུལ་འཁོར་དཔུང༔

མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ༔

གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང༔

བདག་གི་འདོད་དོན་མ་ལུས་ཀུན་འགྲུབ་མཛོད༔

 

ཁྱད་པར་ཚེ་ཆོས་བསོད་ནམས་དབང་ཐང་ལ༔

བར་དུ་གཅོད་པའི་གནོད་བྱེད་དགྲ་བགེགས་རྣམས༔

མིང་ཙམ་མེད་པར་ཐལ་བའི་རྡུལ་དུ་རློག༔

བཀའ་དང་དམ་ལ་མ་འདའ་ས་མ་ཡ༔

ཅི་བཅོལ་ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔

ཅེས་བརྗོད་གང་བསམས་འགྲུབ་པར་ངེས༔ ས་མ་ཡཿ༔

 

ཞེས་དད་ལྡན་མི་དབང་ལྡན་མིང་འཛིན་པས་རིན་ཆེན་གཉིས་པའི་སྐྱེས་བཅས་བསྐུལ་ངོ་མི་ལྡོག་ཙམ་དུ་སུ་ཁ་བཛྲ་གྱིས་བྲིས་པའོ། །དགེའོ། །

 

སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ།

གེ་སར།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept