པདྨ་འབྱུང་གནས་ཀྱི་གསོལ་འདེབས་རང་རིག་མ་བཅོས་མ།
གསོལ་འདེབས།
ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས།
མཁའ་འགྲོའི་ཆོས་མཛོད་ཆེན་མོ།
བོད་ཀྱི་བླ་མ།
སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ།
༄༅། །པདྨ་འབྱུང་གནས་ཀྱི་གསོལ་འདེབས་རང་རིག་མ་བཅོས་མ།
ཨེ་མ་ཧོ༔
རང་རིག་མ་བཅོས་གཉུག་མའི་ཡེ་ཤེས་རྩལ༔
ཁྱབ་བརྡལ་ཕྱོགས་མཐའ་བྲལ་བའི་རང་བཞིན་དུ༔
རིགས་བདག་བླ་མའི་ངོ་བོར་ཡོངས་ཤར་བ༔
རང་རིག་དབྱེར་མེད་གུ་རུ་པདྨ་ལ༔
རང་སེམས་མ་བཅོས་དད་པས་་གསོལ་བ་འདེབས༔
རང་བྱུང་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས༔
ཞེས་སྦྲང་མོའི་རྫུན་རིས་སོ། །
