The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer for Protection—Tibetan

English | བོད་ཡིག

༄༅། །ཆོས་ཉིད་མཁའ་འགྲོའི་གསང་མཛོད་ལས༔ གསོལ་འདེབས་དུས་ངན་འཇིགས་སྐྱོབ་བསམ་པ་མྱུར་འགྲུབ་མ་བཞུགས་སོ༔

 

ཨེ་མ་ཧོ༔

དུས་གསུམ་རྒྱལ་བ་མ་ལུས་འདུས་པའི་དཔལ༔

སངས་རྒྱས་ཀུན་ལས་ཐུགས་རྗེ་མྱུར་བའི་ལྷ༔

འགྲོ་བའི་སྐྱབས་མགོན་ཨོ་རྒྱན་རིན་པོ་ཆེ༔

ལོག་འདྲེན་ཚར་གཅོད་རྡོ་རྗེ་ཐོད་ཕྲེང་རྩལ༔

གདུག་པ་འདུལ་མཛད་ཡང་ཁྲོས་གྲོ་བོ་ལོད༔

མི་བཟོད་དུས་ཀྱི་གཡུལ་ངོ་འགྱེད་པའི་ཚེ༔

སྐྱབས་དང་རེ་ས་གཞན་ན་མ་མཆིས་པས༔

ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔

མི་མངོན་དབྱིངས་ནས་ཐུགས་ཀྱིས་དགོངས་མཛོད་ལ༔

མཐའ་དམག་དུས་འཁྲུགས་མཚོན་གྱི་བསྐལ་པ་བཟློག༔

ལོ་ཉེས་སད་སེར་མུ་གེའི་འཇིགས་པ་སྐྱོབས༔

མི་ཕྱུགས་ལ་འཚེ་ནད་དང་སྡུག་བསྔལ་སོལ༔

རྒྱལ་བའི་བསྟན་དང་བསྟན་འཛིན་ལ་གནོད་པའི༔

རྒྱ་འདྲེ་འབྱུང་པོ་མི་དང་མི་མིན་གདོན༔

མ་རུངས་བསྟན་ལ་འཚེ་བྱེད་དམ་སྲིའི་རིགས༔

མཁྱེན་བརྩེ་ནུས་པའི་མཐུ་རྩལ་མ་ནན་པར༔

ཐམས་ཅད་བཟློག་ཅིང་བཏུལ་བའི་དུས་ལ་བབས༔

འདི་ཕྱིའི་མི་མཐུན་ཉེར་འཚེ་ཀུན་ཞི་ནས༔

བྱང་ཆུབ་སྒྲུབ་ལ་བར་ཆད་མི་འབྱུང་ཞིང༔

བསམ་དོན་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས༔

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔

 

རྩེ་གཅིག་འདི་ལ་བརྩོན་གྱུར་ཅིག༔ མི་མཐུན་རྒུད་པ་ཀུན་སེལ་ནས༔ འཇིགས་པ་ཀུན་ལས་སྐྱོབ་པར་ངེས༔

ཐེ་ཚོམ་མེད་དོ་ས་མ་ཡཿ སྐལ་ལྡན་བུ་ ཡི་དཔལ་དུ་སྤྱོད༔ སྐལ་མེད་རྣམས་ལ་གུ་ཧྱ་རྒྱ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཨྠིྀ༔༔

 

ཞེས་པ་དད་ལྡན་དཀོན་མཆོག་གིས་ཡང་ཡང་བསྐུལ་ངོར་དུས་མཐའི་གཏེར་མིང་མ་ཀུན་བཟང་བདེ་སྐྱོང་དབང་མོའམ་བདེ་ཆེན་བདེ་བའི་རྡོ་རྗེས་མཁའ་འགྲོའི་གསང་མཛོད་ལས་བསྒྱུར་བ་ཡོངས་སུ་དགེ་བར་གྱུར་ཅིག །

 

སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ།

Sera Khandro Kunzang Dekyong Wangmo

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept