བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཞེ་ཆེན་རབ་འབྱམས་རིན་པོ་ཆེའི་ཞབས་བརྟན་སྨོན་ཚིག

English | བོད་ཡིག

༄༅། །ཞེ་ཆེན་རབ་འབྱམས་རིན་པོ་ཆེའི་ཞབས་བརྟན་སྨོན་ཚིག

 

རྟག་བརྟན་གཞོམ་གཞིག་བྲལ་བ་རྡོ་རྗེའི་སྐུ། །

ཚངས་དབྱངས་འགགས་པ་མེད་པ་རྡོ་རྗེའི་གསུང༌། །

ཟག་བྲལ་བདེ་སྟོང་རྡོ་རྗེའི་ཐུགས་མངའ་བའི། །

རྩ་གསུམ་ཚེ་ལྷའི་ཚོགས་ཀྱིས་དགེ་ལེགས་སྩོལ། །

 

ཀུན་བཟང་པདྨའི་རིང་ལུགས་རྫོགས་པ་ཆེའི། །

བསྟན་པའི་ཉི་མ་མཚུངས་མེད་རབ་འབྱམས་པ། །

བཤད་སྒྲུབ་ཆོས་ཀྱི་སེང་གེ་ཟླ་བྲལ་མཆོག །

གསང་གསུམ་རྡོ་རྗེའི་ཁམས་སུ་བརྟན་གྱུར་ཅིག །

 

མདོ་སྔགས་བསྟན་པ་གཉིས་ལྡན་ངུར་སྨྲིག་སྡེའི། །

དད་བསོད་རྒྱལ་མཚན་རྩེ་ན་རྟག་བརྟན་ཞིང་། །

འཁོར་ལོ་གསུམ་གྱི་ཕྲིན་ལས་དར་ཞིང་རྒྱས། །

སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ་གྱུར་ཅིག །

 

ཅེས་པའང་ཤཱཀྱའི་དགེ་སློང་རྒན་པོ་ཨོ་རྒྱན་ཐུགས་མཆོག་རྡོ་རྗེ་ཚེ་དབང་གྲུབ་པས་བདེན་ཚིག་སྨོན་ལམ་དུ་གསོལ་བ་སླར་མཆོག་སྤྲུལ་གྱི་ཞབས་བརྟན་དུ་ཞལ་བསྒྱུར་བ་སིདྡྷི་རསྟུ། །དགེའོ། །

 

ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ།

ཞེ་ཆེན་རབ་འབྱམས་རིན་པོ་ཆེ།

གནས་ཚུལ་འཕར་མ།

BDRC Author Profiles: P235 P624

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept