བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

གཤིན་རྗེ་དཔའ་གཅིག་དྲུག་ཅུ་ལས༔ ང་བཞི་པ་ནད་རིམས་ཞི་མཛད་ཀྱི་སྒྲུབ་ཐབས༔

English | Deutsch | Español | Français | Italiano | 中文 | བོད་ཡིག

༁ྃ༔ གཤིན་རྗེ་དཔའ་གཅིག་དྲུག་ཅུ་ལས༔ ང་བཞི་པ་ནད་རིམས་ཞི་མཛད་ཀྱི་སྒྲུབ་ཐབས་བཞུགས་སོ༔

 

༁ྃ༔ རྡོ་རྗེ་ནད་རིམས་ཞི་མཛད་ལྗང་༔

ཞལ་གཅིག་ཁྲོ་འཛུམ་སྤྱན་གསུམ་པ༔

མཆེ་གཙིགས་ཤངས་ནས་ཡེ་ཤེས་རླུང་༔

འོད་ལྔའི་ཚུལ་འཕྲོས་སྡུག་བསྔལ་སེལ༔

སྐུ་སྟོད་གཅེར་བ་རུས་པས་བརྒྱན༔

སྐུ་སྨད་དར་དམར་ཤམ་ཐབས་མཛེས༔

ཕྱག་གཉིས་མཉམ་བཞག་མཛད་པའི་སྟེང་༔

བདུད་རྩི་སྨན་གྱི་བུམ་བཟུང་ཐོགས༔

ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས༔

ཡེ་ཤེས་མེ་འོད་ཀློང་ན་གསལ༔

དེ་ནས་བཟླས་པའི་རིམ་པ་ནི༔

ཐུགས་ཀར་པད་ཟླའི་སྟེང་དུ་འཇམ་དབྱངས་དཀར་པོ་ལོངས་སྐུའི་རྒྱན་ཅན་ཕྱག་གཉིས་བུམ་པ་བདུད་རྩིས་གང་བ་བསྣམས་པའི་ཐུགས་ཙིཏྟ་རིན་པོ་ཆེའི་ནང་དུ༔

ཟླ་སྟེང་ཧཱུྃ་ཡིག་དཀར་པོའི་མཐར༔

སྔགས་ཕྲེང་སྐར་མའི་ཕྲེང་བ་ལྟར༔

འཁོར་བའི་འོད་ཀྱིས་དོན་གཉིས་བྱས༔

ཁྱད་པར་ཟླ་ཞུན་ལྟ་བུའི་འོད༔

དྭངས་བསིལ་བདུད་རྩི་དང་བཅས་འཕྲོས༔

རང་གཞན་ནད་རིམས་རྒྱུ་རྐྱེན་བཅས༔

ཞི་ཞིང་དག་ནས་བདེ་སྟོང་གི༔

ཡེ་ཤེས་རྒྱུད་ལ་སྐྱེས་ནས་ཀྱང་༔

ཟག་མེད་རྡོ་རྗེ་ལྟ་བུའི་སྐུ༔

བསྒྲེས་རྒུད་མེད་པའི་རང་བཞིན་བསམ༔

ཨོཾ་མཉྫུ་ཤྲཱི་ཀྲོ་དྷ་ར་དྷི་པ་ན་ཨ་ཙ་ཡེ་ཧཱུྃ་ཕཊ༔

འབུམ་ཕྲག་དྲུག་གིས་ནད་རིམས་ཞི༔ ཚེ་རབས་ཀུན་ཏུ་ནད་མེད་པའི༔ བདེ་བ་ཕུན་སུམ་ཚོགས་ཐོབ་འགྱུར༔ ས་མ་ཡ༔

 

ལས་རབ་གླིང་པས་ཀ་རོན་བྲག་དཀར་རྫ་མདུན་དུ་བྲིས་པ་དགེ། མངྒ་ལཾ།།

 

གཏེར་སྟོན་བསོད་རྒྱལ།

Tertön Sogyal Lerab Lingpa

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept