From the Oral Tradition of the Nyarong Lama—Tibetan
Practices › Retreat & Solitude | Literary Genres › Advice | Schools & Systems › Dzogchen | བོད་ཀྱི་བླ་མ། › གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ། | བོད་ཀྱི་བླ་མ། › གཏེར་སྟོན་བསོད་རྒྱལ།

གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ།
g.yu khog bla ma chos dbyings rang grol gyi gsung 'bum. Chengdu: si khron mi rigs dpe skrun khang, 2007.
༄༅། །ཉག་བླའི་ཞལ་རྒྱུན།
བླ་མ་ལ་ཕྱག་འཚལ་ལོ། ཉག་གཏེར་རིན་པོ་ཆེས། སངས་རྒྱས་མངོན་སུམ་དུ་རྙེད་ཡོད་པའི་དུས་འདིར། རི་ཁྲོད་དབེན་པ་ཞིག་ལ། རང་ཉིད་གཅིག་པུར་གྲོགས་མེད་པར་བསྡད་ནས་གཡས་སུ་དབྱུག་ཐོ། གཡོན་དུ་ཁུག་ལུ། སྔུན་དུ་རྫ་ཟངས། རྒྱབ་བྲག་ཕུག་ཞིག་ལ་གཏད་ནས། འདི་ནས་བྱང་ཆུབ་ཀྱི་བར་དུ་ཡར་གཏད་དེ་བླ་མ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་གཏད། མར་གཏད་དེ་རིག་སྟོང་ཟུང་འཇུག་རྗེན་པ་དེ་ལ་གཏད་ནས། དུས་དང་གནས་སྐབས་ཐམས་ཅད་དུ་ལྟ་བའི་རྫོང་དེ་རྡོ་རྗེ་ཕ་ལམ་ལྟ་བུ་ཞིག་བཟུང་ནས་མིག་སྔོ་ཅེ་རེ་དབུགས་ཆད་མ་སོང་བར་བསྒོམ་དགོས་གསུངས།