བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཐུགས་རྗེ་ཆེན་པོའི་འཁོར་རྒྱས་པ།

English | Deutsch | བོད་ཡིག

༄༅། །ཐུགས་རྗེ་ཆེན་པོའི་འཁོར་རྒྱས་པ་ནི།

 

ཤར་དུ་རྗེ་བཙུན་སྒྲོལ་མ་སྐུ་མདོག་དཀར། །

ཕྱག་གཡས་མཆོག་སྦྱིན་ཨུཏྤལ་དཀར་པོ་དང་། །

གཡོན་པས་མཉམ་བཞག་ཚེ་ཡི་བུམ་པ་འཛིན། །

ཞབས་གཉིས་སེམས་མའི་སྐྱིལ་མོ་ཀྲུང་གིས་བཞུགས། །

 

ལྷོ་རུ་རྒྱས་བྱེད་འོད་ཟེར་ཅན་མ་ནི། །

ཞལ་གཅིག་ཕྱག་གཉིས་གསེར་མདོག་ཞི་མ་ཁྲོ། །

ཟུར་ཞལ་གྱེན་གཟིགས་གཡོན་བསྐུམ་གཡས་བརྐྱང་ཞིང་། །

ཕྱག་གཡས་ཡིད་བཞིན་དབང་གི་རྒྱལ་པོ་དང་། །

གཡོན་པའི་ཕྱག་གིས་ཉི་ཟླའི་ཞགས་་པ་གདེངས། །

དར་དང་རིན་པོ་ཆེ་ཡི་རྒྱན་གྱིས་མཛེས། །

 

ནུབ་ཏུ་དབང་མཛད་ཀུ་རུ་ཀུལླེ་ནི།

ཞལ་གཅིག་ཕྱག་བཞི་ཞབས་གཉིས་བརྐྱང་བསྐུམ་ཚུལ། །

རྩ་བའི་ཕྱག་གཉིས་པདྨའི་མདའ་གཞུ་གདེངས། །

འོག་མ་རྣམ་གཉིས་ལྕགས་ཀྱུ་ཞགས་པ་བསྣམས། །

སྟག་ཤམ་རུས་པའི་རྒྱན་དྲུག་པད་ཕྲེང་ལྡན། །

 

བྱང་དུ་འཕགས་མ་ནོར་རྒྱུན་ལྷ་མོ་ནི། །

ཞལ་གཅིག་ཕྱག་གཉིས་གཏེར་བུམ་སྟེང་དུ་བཞུགས། །

དར་དང་རིན་པོ་ཆེ་ཡི་རྒྱན་ཕྲེང་མཛེས། །

ཕྱག་གཡས་ཡིད་བཞིན་ནོར་བུ་དབང་རྒྱལ་དང་། །

གཡོན་པས་དགོས་འདོད་ཀུན་འབྱུང་ནེའུ་ལེ་འཛིན། །

ལྗང་གསལ་བྱང་ཆུབ་སེམས་མའི་ཆ་བྱད་ཅན། །

ཀུན་ཀྱང་རང་རང་སོགས་

 

རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱིས་མཛད་པའོ།།

 

རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར།

Avalokiteśvara, the Great Compassionate One

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept