བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཕྱག་ཆེན་སྦྱོར་དངོས་རྗེས་གསུམ།

English | Português | 中文 | བོད་ཡིག

༄༅། །ཕྱག་ཆེན་སྦྱོར་དངོས་རྗེས་གསུམ།

༄༅། ན་མོ་གུ་རུ། ཆོས་སྔོན་འགྲོ་མང་དུ་གསུངས་པ་ཡི། །དོན་བསྡུས་ཞེན་ལོག་ངེས་འབྱུང་ཡིན། །ཁྱད་པར་བླ་མའི་མོས་གུས་གཅེས། །ས་ལམ་ལོ་ཟླས་བགྲོད་པ་ཡིན། །དངོས་གཞིའི་གནད་མང་བཤད་ན་ཡང་། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །དེ་ལས་ཟབ་པའི་ཆོས་གཞན་མེད། །རང་སེམས་སྟོང་གསལ་མ་འགགས་པ། །སྐུ་གསུམ་རང་བཞིན་ཚང་བ་ཉིད། །ངོས་ཤེས་དྲན་རྫི་བརྟེན་པ་ལས། །སྟོང་ཉིད་ལོགས་སུ་འཚོལ་མི་དགོས། །གནས་ལུགས་མ་རྟོགས་འཁྲུལ་པ་ཡི། །མ་རྒན་འགྲོ་ལ་སྙིང་རྗེ་བསྒོམ། །རྗེས་ཀྱི་བྱ་བ་མང་བཤད་ཀྱང་། །སྡིག་པ་བྱས་ན་འཕྲལ་དུ་བཤགས། །དགེ་བ་གང་འགྲུབ་སེམས་ཅན་རྣམས། །སངས་རྒྱས་ཐོབ་ཕྱིར་བསྔོ་བར་བྱ། །ཐེག་པ་ཆེན་པོའི་སྨོན་ལམ་གདབ། །དེ་སྐད་རི་ནང་མཁའ་འགྲོ་མའི། །བཞེད་ངོར་བློ་གྲོས་མཐའ་ཡས་པས། །ཤར་མར་སྨྲས་འདིས་གཞན་ཕན་ཤོག །མངྒ་ལཾ།། །།

འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།

Jamgön Kongtrul Lodrö Thayé

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept