Prayer to the Vajradhara Gurus—Tibetan

Practices › Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།འགྱུར་མེད་ཚེ་དབང་རྒྱ་མཚོ། | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Chimé Pakmé Nyingtik

Further information:
Download this text:

༄༅། །འཇམ་མགོན་རྡོ་རྗེ་འཆང་ལ་གསོལ་བ་འདེབས་པ་ཐུགས་རྗེ་མྱུར་འཇུག་གི་གདུང་དབྱངས་ཞེས་བྱ་བ།

 

འཆི༵་མེད༵་ཡེ་ཤེས་སྐུ་བརྙེས་པདྨ་འབྱུང་།    །

དེང་འདིར་སླར་ཡང་གསང་ཆེན་རྡོ་རྗེའི་ཐེག  །

སྣང༵་ཞིང་ཕྱོགས་དུས་ཀུན་ཏུ་རྒྱས་མཛ༵ད་ཕྱིར།    །

ཡེ་ཤེས་ལྔ་ལྡན་སྐུ་གསུང་ཐུགས་རྡོ༵་རྗེ༵འི།    །

བདག་ཉིད་ཅན་གྱི་དཔལ་ལྡན་བླ་མ་མཆོག  །

བསྐལ་བརྒྱར་བཞུགས་ཅིང་བདག་སོགས་འགྲོ་རྣམས་ལ།    །

གཞོམ་མེད་ནཱ་དའི་ཆོས་འཁོར་རྒྱུན་མི་ཆད།    །

ཕབས་ནས་སྐུ་བཞིའི་ས་བོན་བཏབ་མཛད་གསོལ།    །

གཞན་ཡང་ཕྱི་ནང་བར་གཅོད་རབ་ཞི་ཞིང་།    །

མཐུན་རྐྱེན་ལེགས་ཚོགས་དབྱར་གྱི་ཆུ་གཏེར་ལྟར།    །

འགྲིབ་མེད་རྟག་པ་དམ་པའི་བཀྲ་ཤིས་ཤོག  །

 

བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན།    །

དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར།    །

དཔལ་ལྡན་བླ་མ་མཁྱེན་བརྩེའི་དབང་པོ་ཡིས།    །

འབྲལ་མེད་རྗེས་བཟུང་བྱིན་རླབས་དངོས་གྲུབ་སྩོལ།    །

 

ཅེས་པའི་གསོལ་འདེབས་འདི་དག་རང་ཉིད་ཀྱིས་དད་པ་བརྟན་པའི་ཕྱིར་དང་།  སློབ་མར་གྱུར་པའི་ཚོགས་དག་ཀྱང་དད་པ་ལྷག་པར་རྒྱས་ཤིང་གསོལ་བ་འདེབས་པའི་རྟེན་དུ།  དུས་མཐའི་བསྟན་པ་ལ་ཕན་སེམས་མི་ཆུང་ཙམ་གྱིས་བསམ་པ་ཡིད་ལ་བཅག་ཅིང་།  དམ་པ་དེ་དག་གི་ཞབས་རྡུལ་སྤྱི་བོར་ལེན་ཞིང་།  ཀུན་མཁྱེན་བླ་མའི་བྱིན་རླབས་ཀྱི་མཚན་མ་ཅུང་ཟད་ཐོབ་པའི་དགེ་སྦྱོང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ།།    །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept