Prayer to Thangtong Gyalpo—Tibetan

Prayers | Tibetan Mastersའཇམ་དབྱངས་མཁྱེན་བརྩེའི་དབང་པོ། | Tibetan MastersThangtong Gyalpo

English | Français | བོད་ཡིག

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Thangtong Gyalpo

Further Information:

༄༅། །ཐང་སྟོང་རྒྱལ་པོར་གསོལ་འདེབས།

ན་མོ་གུ་རུ།

བདུད་དཔུང་འཇོམས་མཛད་སྨུག་ནག་ཁྲོ་བོའི་སྐུ། །

ལྟ་བའི་གདེང་ལྡན་བརྟུལ་ཞུགས་སྤྱོད་པ་སྐྱོང་། །

ཨོ་རྒྱན་ལུང་བསྟན་སྐྱེས་མཆོག་སྤྲུལ་པའི་སྐུ། །

ཐང་སྟོང་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །

 

ཞི་བ་འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་། །

དྲག་པོ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་རྒྱལ། །

དབྱེར་མེད་ཟུང་འཇུག་མཆོག་གི་སྤྲུལ་པའི་སྐུ། །

གྲུབ་པའི་འཁོར་ལོས་བསྒྱུར་ལ་གསོལ་བ་འདེབས། །

 

རྒྱལ་བས་ལུང་བསྟན་བརྩོན་འགྲུས་བཟང་པོའི་ཞབས། །

རྒྱ་བོད་ཡུལ་གྲུ་ཀུན་ཏུ་བརྟུལ་ཞུགས་ཀྱི། །

སྤྱོད་མཛད་ཐང་སྟོང་རྒྱལ་པོར་སྙན་པར་གྲགས། །

ཨོ་རྒྱན་གཉིས་པའི་ཞབས་ལ་གསོལ་བ་འདེབས། །

 

སྐུ་གསུང་ཐུགས་རྟེན་ཆུ་ལ་ལྕགས་ཟམ་སོགས། །

རྣམ་པར་དཀར་བའི་དགེ་ཚོགས་དཔག་མེད་ཀྱིས། །

སྔོན་མེད་ཉི་མ་གསར་པའི་དགེ་མཚན་ཅན། །

གྲུབ་ཆེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །

 

ཁྱོད་ལ་གུས་པས་གསོལ་བ་བཏབས་པའི་མཐུས། །

བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །

ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །

ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །

ཅེས་སངས་རྒྱས་མཉན་སྤྲུལ་རིན་པོ་ཆེ་བརྒྱད་པས་བསྐུལ་བཞིན། དམ་པ་གོང་མའི་རྡོ་རྗེའི་གསུང་ལ་གསར་བསྣན་ཅུང་ཟད་བཅས། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་འཕེལ།། །།

 

• Download this text: EPUB MOBI PDF