The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

In This Pure Awareness—Tibetan

English | Français | Português | 中文 | བོད་ཡིག

༄༅། །རིག་པ་གཞི་མེད་རྩལ་བྲལ་སོགས།

རིག་པ་གཞི་མེད་རྩ་བྲལ་ལ། །
བླང་དོར་བྱེད་པ་ཐང་རེ་ཆད། །

དྲན་རིག་རང་ཤར་རང་གྲོལ་ལ། །
སྤང་གཉེན་འཛིན་པ་ཉམས་རེ་ང་། །

རང་བབས་བསམ་གཏན་རང་གནས་ལ། །
སེམས་འཛིན་བསྒྲུབ་པ་ཨ་ཐང་ཆད། །

གདོད་ནས་ལྷན་སྐྱེས་བདེ་ཆེན་ལ། །
ལས་རྒྱ་བསྟེན་པ་ཐབས་རེ་རྨོངས། །

སྒོ་གསུམ་རང་བབ་ལྷུན་རྫོགས་ལ། །
བཅོས་མའི་དཀྱིལ་འཁོར་སེམས་རེ་གཡེང་། །

ཅེས་པའང་རང་གིས་རང་ལ་སྨྲས་པའོ།།

མཁན་པོ་གཞན་ཕན་སྣང་བ།

Khenpo Shenpen Nangwa

This website uses cookies to collect anonymous usage statistics and enhance the user experience.
Decline
Accept