Deeds of The Tenth Days—Tibetan

Practices › PrayersGuru Rinpoche Prayers | Deities › Guru Padmasambhava | བོད་ཀྱི་བླ་མ།མི་ཕམ་རིན་པོ་ཆེ།

English | Français | 中文 | བོད་ཡིག

མི་ཕམ་རིན་པོ་ཆེ།

Guru Padmasambhava

Further information:
Download this text:

༄༅། །ཚེས་བཅུའི་མཛད་པ་རྗེས་དྲན་བཞུགས།

 

ཨེ་མ་ཧོཿ སངས་རྒྱས་ཀུན་འདུས་གུ་རུ་པདྨ་ཡི། །

ཚེས་བཅུའི་མཛད་པ་རྗེས་དྲན་གུས་པས་འདུད། །

དྷ་ན་ཀོ་ཤར་པདྨའི་སྙིང་པོར་འཁྲུངས། །

ཨོ་རྒྱན་རྒྱལ་པོའི་སྲས་སུ་རྒྱལ་སྲིད་བཟུང༌། །

རྒྱལ་སྲིད་སྤངས་ནས་དུར་ཁྲོད་བརྟུལ་ཞུགས་མཛད། །

བསྟན་ལ་རབ་བྱུང་མདོ་སྔགས་ཤེས་བྱ་མཁྱེན། །

ཟ་ཧོར་རྒྱལ་ཁམས་ཆོས་བཀོད་ལྷ་ལྕམ་བསྟེན། །

ཨོ་རྒྱན་ཡུལ་ཁམས་བྱང་ཆུབ་ལམ་ལ་བཀོད། །

མུ་སྟེགས་ཚར་བཅད་བསྟན་པའི་རྒྱལ་མཚན་བསྒྲེངས། །

ཕྱི་རོལ་འཚེ་བ་རྫུ་འཕྲུལ་ཆེ་བས་བཏུལ། །

དུག་ཆེན་སྨན་བསྒྱུར་མུ་སྟེགས་ཆོས་ལ་བཙུད། །

བལ་ཡུལ་བགེགས་བཏུལ་ཡང་ཕུར་དངོས་གྲུབ་བརྙེས། །

བོད་ཡུལ་ས་བཏུལ་དམ་ཆོས་སྒྲོན་མེད་སྤར། །

གངས་ཅན་མཐའ་དབུས་གཏེར་ཁ་གྲངས་མེད་སྦས། །

 

ལོ་གཅིག་བཅུ་གཉིས་ཟླ་བའི་ཚེས་བཅུ་ལ། །

མཛད་ཆེན་བཅུ་གཉིས་བསྟན་ལ་དད་བྱས་ན། །

དངོས་གྲུབ་བཅུ་གཉིས་སྩོལ་ཞེས་ཞལ་བཞེས་ལྟར། །

གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས། །

 

བར་ཆད་ཀུན་ཞི་ཅི་བསམ་ཡིད་བཞིན་འགྲུབ། །

ཆོས་དང་སྲིད་ཀྱི་ལེགས་ཚོགས་གོང་དུ་འཕེལ། །

མཆོག་ཐུན་དངོས་གྲུབ་མ་ལུས་ཐོབ་པ་དང༌། །

གུ་རུ་ཉིད་དང་དབྱེར་མེད་སངས་རྒྱས་ཤོག །

 

ཅེས་པའང་རུ་དམ་ཡང་དབེན་བསམ་གཏན་བདེ་ལྡན་གླིང་དུ་རབ་ཚེས་ཆུ་སྟག་གྲོ་བཞིན་ཟླ་བ་ཕྱི་མའི་ཚེས་ཉེར་བརྒྱད་དགོང་མོར་མི་ཕམ་འཇམ་དཔལ་དགྱེས་པས་སྤྱར་བ་དགེ་ལེགས་འཕེལ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept