A Brief Prayer to Sera Khandro—Tibetan
Practices › Prayers | Collections & Cycles › Ḍākinī Treasury | བོད་ཀྱི་བླ་མ། › སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ།
English | Español | Français | Português | བོད་ཡིག

Sera Khandro Kunzang Dekyong Wangmo
Further information:
༄༅། །སེ་ར་མཁའ་འགྲོར་གསོལ་འདེབས་བསྡུས་པ་བཞུགས།
སྐུ་གསུམ་མཁའ་འགྲོའི་གཙོ་མོ་ཝཱ་ར་ཧཱི། །
ཡེ་ཤེས་སྒྱུ་མའི་སྐུར་བཞེངས་རྣལ་འབྱོར་མ། །
ཀུན་བཟང་ཆོས་ཉིད་དབང་མོར་གསོལ་བ་འདེབས། །
འདི་ཕྱི་བར་གསུམ་འབྲལ་མེད་རྗེས་བཟུང་སྟེ། །
འོད་གསལ་གནས་ལུགས་རྟོགས་པ་མཐར་ཕྱིན་ནས། །
ཀ་དག་ཀུན་ཏུ་བཟང་པོར་བྱང་ཆུབ་ཤོག །
ཅེས་པའང་དབུས་མོ་བདེ་སྐྱོང་དབང་མོས་བྲིས་པ་དགེ།