Concise Sang Offering to Gesar—Tibetan
གེ་སར་བསང་བསྡུས་བདེ་ལེགས་འབྱུང་གནས་བཞུགས༔
ཨོཾ་ཨཱཿཧཱུྃ༔
ཟག་མེད་ཡེ་ཤེས་བདུད་རྩིའི་བསང་མཆོད་འདི༔
རིག་གསུམ་སེམས་དཔའི་སྒྱུ་འཕྲུལ་སེང་ཆེན་རྒྱལ༔
བཀའ་འཁོར་ལས་བྱེད་སྲུང་མའི་ཚོགས་ལ་འབུལ༔
བཞེས་ལ་བསམ་པའི་དོན་ཀུན་འགྲུབ་པར་མཛོད༔
ཅེས་བདེ་བའི་རྡོ་རྗེའི་མིང་གིས་གྲངས་ཚད་གསོག་སྐབས་ལེ་ལོས་བསྐུལ་ནས་ཉུང་བསྡུས་འདི་བྲིས་པའོ། །