Longchen Nyingtik Lineage Prayer—Tibetan

Collections & Cycles › Longchen Nyingtik | Practices › Lineage Prayers | བོད་ཀྱི་བླ་མ།དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

English | བོད་ཡིག

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

Detail from thangka depicting the Longchen Nyingtik lineage

Further information:
Download this text:

༄༅། །རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་མཛེས།

 

ཀུན་བཟང་རྡོ་རྗེ་སེམས་དཔའ་དགའ་རབ་རྗེ། །

འཇམ་དཔལ་བཤེས་གཉེན་ཤྲཱི་སིངྷ་དང༌། །

ཛྙཱ་ན་སུ་ཏྲ་པཎ་ཆེན་བི་མ་ལར། །

གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །

 

མཚོ་སྐྱེས་རྡོ་རྗེ་རྗེ་འབངས་གྲོགས་གསུམ་དང་། །

ཀུན་མཁྱེན་ཆོས་རྗེ་རིག་འཛིན་འཇིགས་མེད་གླིང་། །

རྒྱལ་བའི་མྱུ་གུ་དྲིན་ཆེན་བླ་མ་ལ། །

གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །

ཁ་སྐོང་ནི།

ཀུན་མཁྱེན་འཇིགས་གླིང་རྗེས་སུ།

ཕྲིན་ལས་འོད་ཟེར་རྒྱལ་བའི་མྱུ་གུ་དང་། །

ནམ་མཁའི་རྡོ་རྗེ་གཞན་ཕན་མཐའ་ཡས་ཞབས། །

ཡེ་ཤེས་རྡོ་རྗེ་ཆོས་ཀྱི་དབང་པོ་ལ། །

གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །

 

པདྨ་བཛྲ་འཇམ་དབྱངས་མཁྱེན་བརྩེའི་དབང་། །

པདྨ་བློ་གསལ་བསྟན་འཛིན་ནོར་བུའི་ཞབས། །

པདྨ་བདེ་ཆེན་བཟང་པོ་བསྟན་པའི་ཉི། །

གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །

 

སྣ་ཚོགས་རང་གྲོལ་འཇམ་དཔལ་བསྟན་འཛིན་དང་། །

པདྨ་དགྱེས་པ་ཀུན་དགའ་དཔལ་དང་ལྡན། །

ཆོས་ཀྱི་བློ་གྲོས་མཁྱེན་བརྩེའི་འོད་ཟེར་ལ། །

གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །

ཅེས་རང་ལ་བཀའ་དྲིན་ཐོབ་པའི་བརྒྱུད་རིམ་ལྟར་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་གསོལ་བ་བཏབ་པའོ།། ༈

ཟླ་བྲལ་མཁས་གྲུབ་རྒྱ་མཚོའི་རྗེས་སུ་བཟུང་། །

རིས་མེད་ཐུབ་པའི་བསྟན་ལ་ཐོས་བསམ་མཛད། །

བསྟན་འགྲོར་ལྷག་པའི་སེམས་ཀྱི་གོ་ཆ་ཅན། །

འཇིགས་མེད་མཁྱེན་བརྩེའི་འོད་ཟེར་ལ་གསོལ་བ་འདེབས། །

ཞེས་པའང་དད་ལྡན་འགས་བསྐུལ་ངོར་རང་ཉིད་ཀྱིས་སོ།།

 

ངེས་འབྱུང་བྱང་ཆུབ་སེམས་ཀྱི་འཁྲི་ཤིང་ལ།

རྣམ་དག་དབང་བཞིས་བདུད་རྩིས་རེག་པ་ལས། །

བསྐྱེད་རྫོགས་གྲུབ་པའི་ཨུཏྤལ་རྒྱས་པ་དང་། །

སྐུ་བཞིའི་འབྲས་བུ་སྨིན་པར་བྱིན་གྱིས་རློབས། །

 

ཞེས་པའང་གཞོན་ནུ་ཨ་བྷ་ཡས་སོ། །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept