Remainder Torma Offering—Tibetan

Practices › Tsok | Practices › PrayersGuru Rinpoche PrayersSeven-Line Prayer | བོད་ཀྱི་བླ་མ།བདུད་འཇོམས་རིན་པོ་ཆེ།

English | བོད་ཡིག

བདུད་འཇོམས་རིན་པོ་ཆེ།

Detail from a thangka showing a tsok offering

༄༅། །ཚིགས་བདུན་ཚོགས་མཆོད་ཀྱི་ལྷག་གཏོར་ནི།

 

ལྷག་གཏོར་ལ་བདུད་རྩི་བྲན་ཅིང༌།

ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ནས།

ཕེཾ་ཧཱུྃ། དཔལ་གྱི་བཀའ་ཉན་ཐ་ཚིག་ཅན། །

ལྷག་སྐྱོང་མགྲོན་རིགས་ཐམས་ཅད་ཀུན། །

འདིར་བྱོན་འདོད་ཡོན་ལྷག་གཏོར་བཞེས། །

དགྱེས་ཤིང་ཚིམས་པར་རོལ་ནས་ཀྱང༌། །

སངས་རྒྱས་བསྟན་དང་བསྟན་འཛིན་སྐྱོངས། །

རྣལ་འབྱོར་སྒྲུབ་པའི་བར་ཆད་སོལ། །

འདོད་དོན་བཅོལ་བའི་ཕྲིན་ལས་སྒྲུབས། །

དམ་ལས་མ་འདའ་ས་མ་ཡ། །

ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། །

ཞེས་ཕྱི་རོལ་དུ་འབུལ་ལོ། །

 

ཞེས་མི་ཕམ་ཚིགས་བདུན་ཚོགས་མཆོད་ལ་སྦྱར་རྒྱུར་ས་སྐྱ་བདག་ཆེན་ཕུན་ཚོགས་ཕོ་བྲང་པའི་བཞེད་པ་བཞིན་ཛྙཱ་ནས་སོ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept